མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཁྲིམས་ལུགས། > ནང་དོན་དངོས།

༄༅། །བཅའ་ཁྲིམས་སློབ་སྦྱོང་བྱེད་པའི་དགོས་པ་དང་སྙིང་པོ།

ཡོང་ཁུངས།   དགོན་སྡེ་སློབ་གསོའི་སློབ་དེབ།     སྤེལ་དུས།  2014-07-24 10:33:17     རྩོམ་པ་པོ།   རམས་ཚེ་བྷོ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།
        བཅའ་ཁྲིམས་སློབ་སྦྱོང་བྱས་ཚེ་གཞི་ནས་རང་རྟོགས་ཀྱི་སྒོ་ནས་ཁྲིམས་ལ་བརྩི་སྲུང་བྱེད་ཐུབ། བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཁྲིམས་སྲུང་སྤྱི་དམངས་ཤིག་བྱེད་པའི་དགོས་མཁོ་ཡིན་པས་ཁྲིམས་སྲུང་གི་སྤྱི་དམངས་ཤིག་བྱེད་པར་ངེས་པར་དུ་ཁྲིམས་སློབ་སྦྱོང་དང་ །ཁྲིམས་ཤེས་པ།ཁྲིམས་སྲུང་བ།ཁྲིམས་ལྟར་ལས་སྒྲུབ་བཅས་བྱེད་དགོས།བཅའ་ཁྲིམས་སློབ་སྦྱོང་བྱས་ཚེ་གང་ཞིག་ཁྲིམས་འགལ་ཉེས་གསོག་ཡིན་པ་དང་།བཅའ་ཁྲིམས་ནང་བྱ་སྤྱོད་གང་དག་གཏན་འགོག་བྱེད་པ།བྱ་སྤྱོད་གང་དག་ལ་ཆེད་པ་ཕོག་པ་བཅས་གཞི་ནས་ཤེས་རྟོགས་བྱུང་སླ་ལ།བཅའ་ཁྲིམས་ནང་གང་ཞིག་བྱས་ཆོག་པ་དང་།བཅའ་ཁྲིམས་ཀྱི་བྱས་ཆོག་བའི་ཁྱབ་ཁོངས་ཁྲོག་ལས་ཀ་བྱེད་པ།གླེན་པའི་ལས་ཀ་མི་བྱེད་པ་བཅས་གཞི་ནས་ཤེས་ཐུབ་པས།བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དེ་ནད་ཕོག་ནས་སྨན་ཟ་བ་དང་སྔོན་འགོག་ཏུ་ཁབ་རྒྱག་པ།ན་ཚ་ཡོད་ན་སྨན་བཅོས་བྱེད་པ།ནད་མེད་ཚེ་སྔོན་འགོག་བྱེད་པ་ལྟ་བུ་ཡིན།
           བཅའ་ཁྲིམས་སློབ་སྤྱོང་བྱས་ཚེ་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་གཞི་ནས་སྲོང་སྐྱོབ་བྱེད་ཐུབ་པས།ང་ཚོའི་ངེས་པར་དུ་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཤེས་བྱའི་གྲུབ་ཆ་འཐུས་ཚང་དུ་གཏོང་བ་དང་།བཅའ་ཁྲིམས་ཀྱི་བྱེད་ཐབས་ལ་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་ཤེས་པ་དང་།བཅའ་ཁྲིམས་མཚོན་ཆར་བརྩིས་ནས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲོང་སྐྱོང་བྱེད་ཤེས་དགོས།
          བཅའ་ཁྲིམས་སློབ་སྦྱོང་བྱས་ཚེ་དེ་བས་ལེགས་པའི་སྒོ་ནས་ལས་ཀ་སྒྲུབ་ཤེས་བ་དང་།འཚོ་བ་རོལ་ཤེས་བ།བཅའ་ཁྲིམས་ཀྱི་ལྟ་སྟངས་ལ་བརྟེན་ནས་གནད་དོན་ལྟ་ཞིབ་དང་དབྱེ་ཞིབ།ཐག་གཅོད་བཅས་བྱེད་ཤེས་པའི་ནུས་བ་ལྡན་ལ།ཁྲིམས་ལྟར་རང་ཉིད་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ནུས་པ་ལྡན་པ་མ་ཟད།རང་ཉིད་ཀྱི་ཁྲིམས་སྤྱོད་ནུས་པ་ཆེ་རུ་བཏང་ནས་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་འཚོ་བ་སྔར་བས་ཡོག་པོ་སྐྱེལ་ཐུབ།
 
རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K