མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཁྲིམས་ལུགས། > ནང་དོན་དངོས།

༄༅། །རྩ་ཁྲིམས་ནི་རང་རྒྱལ་གྱི་རྩ་བའི་ཁྲིམས་ལུགས་ཡིན།

ཡོང་ཁུངས།   དགོན་སྡེ་སློབ་གསོའི་སློབ་དེབ།     སྤེལ་དུས།  2014-07-24 10:35:08     རྩོམ་པ་པོ།   རམས་ཚེ་བྷོ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།
    རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་ཡིན་ལ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་གཞི་ཁུངས་ཀྱང་ཡིན། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ནང་དོན་གཙོབོ་ཞིག་ཡིན་པ་དང་། སྲིད་དབང་བཟུང་སྟེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཤུགས་ལྡན་འགན་སྲུང་ཡང་ཡིན། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྩ་བའི་དོན་སྙིང་ནི་རྩ་ཁྲིམས་ལ་བརྟེན་ཏེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་དེ་ཡིན། རྩ་ཁྲིམས་ཀྱི་བརྗིད་ཉམས་དང་རྩ་བའི་ཁྲིམས་ལུགས་ཀྱི་གོ་གནས་བདག་སྐྱོང་བྱེད་པ་དེ་ནི་གཙོ་བོ་རྩ་ཁྲིམས་འཐུས་སྒོ་ཚང་བ་ཞིག་ཡོད་པ་དང་དེ་ལག་ལེན་དངོས་སུ་བྱེད་པར་འགན་སྲུང་དགོས་པ་དེ་ཡིན། རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་དང་རྩ་བའི་ལས་འགན་ཐག་གཅོད་བྱས་ཡོད་ལ། རྒྱལ་ཁབ་ལས་ཁུངས་ཀྱི་རྩ་འཛུགས་དང་བྱེད་སྒོའི་རྩ་དོན་ནས་སྤྱི་དམངས་ཀྱི་རྩ་བའི་དབང་ཆ་སོགས་རྩ་བའི་བཅའ་ཁྲིམས་ཀྱི་གནད་དོན་མཐའ་དག་ཀྱང་གཏན་འཁེལ་བྱས་ཡོད། དེས་ན། རྩ་ཁྲིམས་དང་འགལ་ན་ཆེས་ལྗིད་བའི་ཁྲིམས་འགལ་ཡིན་པ་དང་། ཁྲིམས་ལུགས་སྐྱོང་བ་ལ་ཆེས་ཚབས་ཆེ་བའི་གཏོར་བརླག་ཞིག་ཀྱང་ཡིན། ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་སྐུལ་སྤེལ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཏུ་བསྐྱོད་པའི་གོ་རིམ་ཁྲོད་ངེས་པར་དུ་རྩ་ཁྲིམས་དང་རྩ་ཁྲིམས་ལག་ལེན་བསྟར་རྒྱུ་ནི་གོ་གནས་ཆེས་མཐོ་པོར་འཇོག་དགོས།
རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K