མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྣལ་འབྱོར་བ་ཕྱག་དར་སྟོན་པ།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-08 09:12:08         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         ༄༅།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།RUeརྗེ་ཙོང་ཁ་པའི་དྲ་བ།
        བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།RUeརྗེ་ཙོང་ཁ་པའི་དྲ་བ།
        རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།RUeརྗེ་ཙོང་ཁ་པའི་དྲ་བ།
        བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།RUeརྗེ་ཙོང་ཁ་པའི་དྲ་བ།
        ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་དེ་རིང་སྐབས་སུ་བབས་པ་རྣལ་འབྱོར་བ་ཕྱག་རད་སྟོན་པའི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།RUeརྗེ་ཙོང་ཁ་པའི་དྲ་བ།
རྣལ་འབྱོར་བ་ཕྱག་དར་སྟོན་པ།RUeརྗེ་ཙོང་ཁ་པའི་དྲ་བ།
        ཁོང་ནི་དུས་རབས་བཅུ་གཅིག་པའི་དུས་འགོར་ཁམས་སུ་སྐུ་འཁྲུངས་ཇོ་བོའི་སློབ་མའི་ནང་ནས་ཕར་ཕྱིན་ལ་ཤིན་དུ་མཁས་པས་རྒྱལ་བ་འབྲོམ་གྱིས་ཞུ་བ་ཕུལ་ནས་སྙེ་ཐང་དུ་ཇོ་བོས་བརྒྱད་སྟོང་པ་དང་མངོན་རྟོགས་རྒྱན་སྦྱར་བའི་འགྲེལ་བ་ཞིབ་ཅིང་རྒྱས་པར་ཁྲིད་སྐབས་རྣལ་འབྱོར་བ་ཕྱག་དར་སྟོན་པས་ཟིན་བྲིས་མཛད་པའི་ཕར་ཕྱིན་ཁམས་ལུགས་མར་གྲགས་པ་དེ་བྱུང་།ཇོ་བོ་རྗེས་ཁོང་ལ་ལོགས་སུ་མན་ངག་མང་དུ་སྣང་སྟེ་སྒྲུབ་ཏུ་ཅུག་ནས་བསྟན་པ་ཉམས་དམའ་བའི་དུས་སུ་བཟློག་དགོས།ཁྱོད་ཤེས་རབ་ཤིན་ཏུ་ཆེ་བས་ངས་ཇི་ལྟར་བཤད་པ་བཞིན་དུ་གོ ངས་ཇི་སྐད་ཟེར་བ་བཞིན་དུ་བྱེད།གཞན་རྣམས་ཀྱིས་བསྟན་ཀྱང་མ་གོ་བས་དེ་མིན་ཞིག་ལོགས་ན་ཡོད་སྙམ་ནས་འོང་།ཁྱོད་ཀྱིས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམས་ཤིག་གསུངས།ཇོ་བོ་སྐུ་གཤེགས་ནས་འབྲོམ་སྟོན་པ་དང་མཉམ་དུ་རྭ་སྒྲེང་དུ་བྱོན་སྟོན་པའི་སློབ་མ་མཛད།སྐུ་མཆེད་གསུམ་གྱིའང་སློབ་དཔོན་དུ་སྣང་ཞིང་།ཕྱིས་སུ་ཁམས་སུ་སྐུ་གཤེགས་པར་གྲགས་སོ།།RUeརྗེ་ཙོང་ཁ་པའི་དྲ་བ།
རྭ་སྒྲེང་དཀར་ཆག་ལས།ཇོ་བོའི་གདུང་རྟེན་གྱི་དངུལ་གྱི་ཆེད་དུ་ཕྱག་དར་སྟོན་པ་དང་ཡོངས་རྫོགས་རྣལ་འབྱོར་རྣམ་གཉིས་བལ་ཡུལ་དུ་འབྱོར། དེར་དངུལ་རྣམས་ལེགས་པར་རག་རྗེས་ཀ་པ་ལིར་བཅུག་སྟེ་བོད་དུ་ཚུར་ཕེབས་སྐབས་རྨི་ལམ་དུ་སྒྲོལ་མས་ཞལ་ནས་བྲམ་ཟི་ཁྱེའུ་ལོ་བཅུ་ལོན་པ་ཞིག་རས་འཚོང་དུ་འོང་གི་དེ་ཉོས་ང་ལ་ཕུལ་ཞིག དེ་ལྟར་བྱས་ན་ལམ་དུ་བར་ཆད་ཀྱིས་མི་ཚུགས་པའི་གཉེར་ཁ་ཐམས་ཅད་ངས་བྱེད་ཟེར་བ་ཞིག་སྨིན། སང་རས་འཚོང་ཁན་གྱི་བྲམ་ཟི་དེ་འབྱོར་ནས་རས་ཉོས་ཏེ་སྒྲོལ་མ་ལ་བསྔོས་ནས། དཔལ་མོ་དཔལ་ཐང་ལ་འབྱོར་སྐབས་ཇག་པ་མང་པོ་འཕྲད་དེ་ཟླ་བོ་རྣམས་བཅོམ།ཕྱག་ཁྲི་མཆོག་གིས་དངུལ་དེ་རྣམས་གད་སྐྱིབས་ཤིག་ན་ཕར་བཞགས་ཏེ་བཞུགས་སྐབས་ཕར་ཇག་པ་མཐོང་ཡང་ཚུར་ཇག་པས་ཕྱག་ཁྲི་མཆོག་མ་མཐོང་།ལོ་རྒྱུས་དེ་རྭ་སྒྲེང་དུ་འབྲོམ་སྟོན་ལ་ཞུས་པས།སྟོན་པ་རིན་པོ་ཆེས་རས་དེར་སྒྲོལ་མ་དཀར་སྔོན་གཉིས་བྲིས་གསུངས། རས་དེར་སྒྲོལ་མ་དཀར་སྔོན་གཉིས་ཀ་བྲིས་ནས་རྭ་སྒྲེང་ལ་བཞུགས་པ་ལགས། གླང་རི་ཐང་པའི་ཞལ་ནས།རི་མོ་གསལ་རྒྱུ་མི་འདུག་སྟེ་སྤྲུལ་པའི་སྐུ་དངོས་ཡིན་གསུངས་པར་གྲགས།RUeརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K