མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།རྣལ་འབྱོར་བ་ཤེས་རབ་རྡོ་རྗེ།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-08 09:13:26         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        ༄༅།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།NxXརྗེ་ཙོང་ཁ་པའི་དྲ་བ།
        ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་དེ་རིང་སྐབས་སུ་བབས་པ་རྣལ་འབྱོར་བ་ཤེས་རབ་རྡོ་རྗེའི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།NxXརྗེ་ཙོང་ཁ་པའི་དྲ་བ།
རྣལ་འབྱོར་བ་ཤེས་རབ་རྡོ་རྗེ།NxXརྗེ་ཙོང་ཁ་པའི་དྲ་བ།
        ཁོང་ནི་དུས་རབས་བཅུ་གཅིག་པའི་དུས་འགོར་ཁམས་སུ་སྐུ་འཁྲུངས་ཇོ་བོའི་སློབ་མའི་ནང་ནས་གྲུབ་མཐའ་ལ་ཤིན་ཏུ་མཁས་པའི་རྣལ་འབྱོར་བ་ཞིག་ཡིན།ཇོ་བོ་རྗེས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་གདམས་ངག་དང་ཞལ་ཐང་གནང་སྟེ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་པས་ཐུགས་དམ་ཡི་གེ་དྲུག་པས་ཞལ་གཟིགས།ཇོ་བོ་སྐུ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་སེམས་བཟང་པོར་གྱིས།དེ་མེད་ན་ཐོས་བསམ་སྒོམ་སྒྲུབ་ཅི་བྱས་ཀྱང་ཕན་པ་མེད་གསུངས།རྭ་སྒྲེང་དཀར་ཆག་ལྟར་ན་ཇོ་བོ་སྐུ་གཤེགས་རྗེས་སྟོན་པ་རིན་པོ་ཆེ་དང་མཉམ་དུ་རྭ་སྒྲེང་ལ་ཕེབས་ནས་སྤྱི་ལོ་༡༠༥༦ལོར་ཞང་འཕྲང་ཀ་བེར་ཆུང་གི་སྲས་བེར་རྒྱུད་ཤྭཀྱ་གྲགས་ཀྱིས་ཡོན་བདག་བྱས་ནས་རྒྱལ་བ་འབྲོམ་ཀྱིས་དགོན་པ་གོང་དུ་རྣལ་འབྱོར་བ་ཤེས་རབ་རྡོ་རྗེའི་བཞུགས་གནས་བཞེངས། ཇོ་བོས་གནང་བའི་ཐུགས་དམ་ཡི་གེ་དྲུག་མའི་ཞལ་ཐང་དེའང་ད་ལྟ་དགོན་པ་གོང་ལ་བཞུགས་པའི་སྤྱན་རས་གཟིགས་ཀྱི་ཞལ་ཐང་དེ་ཡིན་པར་འབྲོམ་ཤེས་རབ་མེ་ལྕེས་མཛད་པའི་རྭ་སྒྲེང་དཀར་ཆག་ལ་འཁོད་ཡོད་ཀྱང་།ལས་ཆེན་གྱི་བཀའ་གདམས་ཆོས་འབྱུང་ལས་ཇོ་བོ་གཤེགས་རྗེས་གསང་ཕུར་བཞུགས་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་དུ་མཛད་དེ་སྒོམ་སྒྲུབ་ཁོ་ནར་བརྩོན་པར་གནང་པས་སློབ་དཔོན་སྒོམ་ཆེན་པ་ཞེས་འབོད།ཅེས་གསུངས་འདུག་པས་ཁོ་བོའི་རྣམ་རྟོག་ལ་འཆར་ཚུལ་ནི་འབྲོམ་དང་མཉམ་དུ་རྭ་སྒྲེང་ལ་ཕེབས་ནས་དགོན་པ་གོང་ལ་བཞུགས་གནས་བཞེངས་པའི་རྣལ་འབྱོར་བ་དེ་ཕྱག་དར་སྟོན་པ་ཡིན་ནམ་སྙམ་སྟེ་ལས་ཆེན་གྱི་ཆོས་འབྱུང་ལས་ཕྱག་དར་སྟོན་པ་ནི་ཇོ་བོ་སྐུ་གཤེགས་ནས་འབྲོམ་སྟོན་པ་དང་མཉམ་དུ་རྭ་སྒྲེང་དུ་བྱོན།སྟོན་པའི་སློབ་མ་མཛད།སྐུ་མཆེད་གསུམ་གྱིའང་སློབ་དཔོན་དུ་སྣང་།ཞེས་གསུངས་འདུག་པས་དཔྱད་པར་འཚལ།འོན་ཀྱང་ཤེས་རབ་རྡོ་རྗེ་དང་རྣལ་འབྱོར་བ་བྱམས་པའི་བློ་གྲོས་གཉིས་ཐུགས་ཤིན་ཏུ་མཐུན་པ་མ་ཟད་དགེ་བཤེས་སྤྱན་སྔའི་བླ་མ་ཡིན་པས་གསང་ཕུ་དང་རྭ་སྒྲེང་གཉིས་ལ་ཡར་ཕེབས་མར་ཕེབས་མང་དུ་མཛད་པ་མ་ཟད་ལམ་དུ་བཟའ་ཆས་བསྣམ་མི་དགོས་གསུངས།དོན་དུ་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པར་གྲགས།གསང་ཕུར་སྐུ་གཤེགས་ནས་གདུང་བཞུགས་པའི་ས་འབུམ་ཆུང་ངུ་ཞིག་གསང་ཕུའི་སྐོར་ལམ་གྱི་ནུབ་ཕྱོགས་ན་ད་ལྟའང་བཞུགས་པར་གྲགས་སོ།།NxXརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K