མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཕྱག་ཁྲི་མཆོག་པ་བྱམས་པའི་བློ་གྲོས།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-08 09:21:57         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         ༄༅།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།rXQརྗེ་ཙོང་ཁ་པའི་དྲ་བ།
        བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།rXQརྗེ་ཙོང་ཁ་པའི་དྲ་བ།
        རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།rXQརྗེ་ཙོང་ཁ་པའི་དྲ་བ།
        བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།rXQརྗེ་ཙོང་ཁ་པའི་དྲ་བ།
        ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་དེ་རིང་སྐབས་སུ་བབས་པ་ཕྱག་ཁྲི་མཆོག་པ་བྱམས་པའི་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།rXQརྗེ་ཙོང་ཁ་པའི་དྲ་བ།
ཕྱག་ཁྲི་མཆོག་པ་བྱམས་པའི་བློ་གྲོས།rXQརྗེ་ཙོང་ཁ་པའི་དྲ་བ།
        ཁོང་ནི་ཇོ་བོ་རྗེའི་བླ་མཆོད་རྣལ་འབྱོར་རྣམ་བཞིའི་ཡ་གྱལ་གྱི་གཅིག་ཡིན།འདི་དང་ཇོ་བོ་སློབ་མ་ཁམས་པ་རྣལ་འབྱོར་རྣམ་བཞི་གཉིས་ཅུང་མི་འདྲ་སྟེ།ཁམས་པ་རྣལ་འབྱོར་རྣམ་བཞིའི་ནང་ལ་བྱམས་པའི་བློ་གྲོས་མི་འཇོག་གོ།ཕྱག་ཁྲི་མཆོག་ནི་དུས་རབས་བཅུ་གཅིག་པའི་དུས་འགོར་ལྷོ་བྲག་ཏུ་སྐུ་འཁྲུངས།མཚན་དངོས་ནི་བློ་གྲོས་འབར་ཞུ་བ་དང་།ཇོ་བོ་སྐུ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་སེམས་བཟང་པོར་གྱིས།དེ་མེད་ན་ཐོས་བསམ་སྒོམ་སྒྲུབ་ཅི་བྱས་ཀྱང་ཕན་མེད་གསུངས་བར་བརྟེན་བྱམས་པ་དང་སྙིང་རྗེས་ཟིན་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་དུ་མཛད་པས་བྱམས་པའི་རྣལ་འབྱོར་བའམ་བྱམས་པའི་བློ་གྲོས་ཞེས་གྲགས།རྟེན་དགེ་བསྙེན་ཡིན། སྤྱི་ལོ་༡༠༥༠ལོར་སྙེ་ཐང་དུ་ཇོ་བོ་དང་མཇལ་ཏེ་དགོངས་པ་མ་རྫོགས་བར་བསྟེན་ནས་གདམས་པ་མང་དུ་ཐོབ་སྟེ་ཁྱད་པར་ཆོས་མངོན་པ་ལ་རྩལ་ཐོན།ཐོས་བསམ་སྒོམ་གསུམ་ལ་རྩེ་གཅིག་ཏུ་གཞོལ་བས་ཁམས་གོང་མའི་ཏིང་ངེ་འཛིན་ལ་མངའ་བརྙེས་ཏེ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་།ཇོ་མོ་སྒྲོལ་མའི་ཞལ་གཟིགས་ཐོབ།ཇོ་བོའི་བཀའ་ལྟར་ཚེ་འཇུག་འབྲོམ་སྟོན་པ་དང་མ་བྲལ་བར་གྱིས་གསུངས་པར་བརྟེན་འབྲོམ་དང་མཉམ་དུ་སྤྱི་ལོ་༡༠༥༥ལོར་རྭ་སྒྲེང་དུ་ཕེབས།སྤྱི་ལོ་༡༠༥༦ལོར་ཞང་འཕྲང་ཀ་བེར་ཆུང་གི་སྲས་བེར་རྒྱུན་བླ་བ་ཁ་སེར་གྱིས་ཡོན་བདག་བྱས་ནས་རྒྱལ་བ་འབྲོམ་གྱིས་བྱམས་པའི་བློ་གྲོས་ཀྱི་བཞུགས་གནས་བཞེངས།དེ་ནས་ཇོ་བོའི་གདུང་རྟེན་གྱི་དངུལ་ཆེད་དུ་བལ་ཡུལ་དུ་འབྱོར། དེར་དངུལ་རྣམས་ལེགས་པར་རག་རྗེས་ཀ་པ་ལིར་བཅུག་སྟེ་བོད་དུ་ཚུར་ཕེབས་སྐབས་རྨི་ལམ་དུ་སྒྲོལ་མའི་ཞལ་ནས་བྲམ་ཟི་ཁྱེའུ་ལོ་བཅུ་ལོན་པ་ཞིག་རས་འཚོང་དུ་འོང་གི དེ་ཉོས་ང་ལ་ཕུལ་ཞིག དེ་ལྟར་བྱས་ན་ལམ་དུ་བར་ཆད་ཀྱིས་མི་ཚུགས་པའི་གཉེར་ཁ་ཐམས་ཅད་ངས་བྱེད་ཟེར་བ་ཞིག་སྨིན། སང་རས་འཚོང་མཁན་གྱི་བྲམ་ཟི་དེ་འབྱོར་ནས་རས་ཉོས་ཏེ་སྒྲོལ་མ་ལ་བསྔོས་ནས། དཔལ་མོ་དཔལ་ཐང་ལ་འབྱོར་སྐབས་ཇག་པ་མང་པོ་འཕྲད་དེ་ཟླ་བོ་རྣམས་བཅོམ།ཕྱག་ཁྲི་མཆོག་གིས་དངུལ་དེ་རྣམས་གད་སྐྱིབས་ཤིག་ན་ཕར་བཞགས་ཏེ་བཞུགས་སྐབས་ཕར་ཇག་པ་མཐོང་ཡང་ཚུར་ཇག་པས་ཕྱག་ཁྲི་མཆོག་མ་མཐོང་།ལོ་རྒྱུས་དེ་རྭ་སྒྲེང་དུ་དགོན་པ་བ་ལ་ཞུས་པས།དགོན་པ་བས་རས་དེར་སྒྲོལ་མ་དཀར་སྔོན་གཉིས་བྲིས་གསུངས། རས་དེར་སྒྲོལ་མ་དཀར་སྔོན་གཉིས་ཀ་བྲིས་ནས་རྭ་སྒྲེང་ལ་བཞུགས་པ་ལགས། གླང་རི་ཐང་པའི་ཞལ་ནས།རི་མོ་གསལ་རྒྱུ་མི་འདུག་སྟེ་སྤྲུལ་པའི་སྐུ་དངོས་ཡིན་གསུངས་པར་གྲགས།ཉིན་ཅིག་ཕྱག་ཁྲི་མཆོས་པའི་ཞལ་ནས།ད་ཇོ་བོའི་ཐུགས་དགོངས་བསྐོང་དགོས་པས། སང་ཉིན་ནས་མཚམས་གཅོད་རྒྱུ་ཡིན་གསུང་པ་ན།རྣལ་འབྱོར་བ་གཞན་གྱི་ཐུགས་ལ་ད་ཁོང་མི་དང་མི་ཕྲད་བཞུགས་སྙམ་ཙ་ན། ཁོང་ཤུག་གསེབ་ལ་གང་བྱུང་བྱུང་དུ་བཞུགས་ནས་བསྡད།དེ་དུས་གསང་ཕུ་ནས་རྣལ་འབྱོར་པ་ཤེས་རབ་རྡོ་རྗེ་རྭ་སྒྲེང་དུ་ཕྱག་ཁྲི་མཆོག་ཕྲད་པར་ཕེབས་སྐབས་ཕྱག་ཁྲི་མཆོག་མི་བཞུགས་པས།གར་ཕེབས་གསུངས་པས།ཤུག་གསེབ་ཀྱི་ཕ་གི་ཡིན་ཟེར། ཤེས་རབ་རྡོ་རྗེ་དེར་ཕེབས་སྐབས་ཕྱག་ཁྲི་མཆོག་གིས་ཕྱག་གསུམ་འཚལ།རྒྱུ་མཚན་ཤེས་རབ་རྡོ་རྗེ་དགེ་སློང་དང་ཕྱག་ཁྲི་མཆོག་དགེ་བསྙེན་ཡིན་པས་རེད།ཕྱག་ཁྲི་མཆོག་པའི་ཞལ་ནས་ཁོ་བོ་ལ་མིའི་དོན་ཙམ་མི་འདུག་གསུངས་ནས་ཤུག་གསེབ་ཏུ་ཕར་ཡུན་རིང་པོ་མ་ཡིན་པ་གཤེགས་པ་ན།གསང་ཕུ་བའི་ཞལ་ནས།ཁོང་འཇིག་རྟེན་གྱི་རྣམ་རྟོག་ལ་མཚམས་པོ་ཆེ་བཅས་ནས་བཞུགས་པ་ཡིན་ཏེ།འཇིག་རྟེན་བློས་བཏང་ནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱིས་སེམས་བསྒོམ་པ་ལ་སོགས་ཀྱི་ཇོ་བོ་ཐུགས་དགོངས་ཇི་ལྟ་བ་བཞིན་དུ་བསྒྲུབས་པ་ཡིན།དེ་ལྟར་ཉམས་ལེན་གནང་སྟེ་མཐར་དགུང་ལོ་ཞེ་གཉིས་ཕེབས་སྐབས་རྭ་སྒྲེང་དུ་སྐུ་གཤེགས་སོ།།rXQརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K