མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།འབྲོམ་སྟོན་རྒྱལ་བའི་འབྱུང་གནས།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-08 10:16:37         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

            ༄༅།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།4jCརྗེ་ཙོང་ཁ་པའི་དྲ་བ།
            བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།4jCརྗེ་ཙོང་ཁ་པའི་དྲ་བ།
            རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།4jCརྗེ་ཙོང་ཁ་པའི་དྲ་བ།
            བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།4jCརྗེ་ཙོང་ཁ་པའི་དྲ་བ།
        ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་དེ་རིང་སྐབས་སུ་བབས་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།4jCརྗེ་ཙོང་ཁ་པའི་དྲ་བ།

640.webp (2).jpg4jCརྗེ་ཙོང་ཁ་པའི་དྲ་བ།

འབྲོམ་སྟོན་རྒྱལ་བའི་འབྱུང་གནས།4jCརྗེ་ཙོང་ཁ་པའི་དྲ་བ།

        མཉམ་མེད་ཇོ་བོ་རྗེའི་ཐུགས་སྲས་རྒྱལ་བ་འབྲོམ་སྟོན་པ་ནི་ཤིང་འབྲུག་༼སྤྱི་ལོ་༡༠༠༤༽ལོར་འདམ་གཞུང་རྫོང་གི་ཁོངས་གཏོགས་གཉན་ཆེན་ཐང་ལྷའི་ཞོལ་རྩྭ་སྒྱེ་མོ་ལུང་དུ་སྐུ་འཁྲུངས།སྐུ་ན་ཆུང་དུས་ནས་ཡུམ་དགོངས་པ་རྫོགས་རྐྱེན་མ་ཡར་གྱིས་རྒྱུན་དུ་སྡང་པོ་བྱས་པས་སྙེ་མོར་བྲོས་ཕེབས་གཡུང་ཆོས་མགོན་གྱི་མདུན་ནས་ཀློག་དང་། ཞང་སྣ་ནམ་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས།ཁམས་སུ་ཕེབས་ཏེ་བླ་མ་སེ་བཙུན་གྱི་སར་བཞུགས་ནས་ཉིན་མོ་ནང་གཡོག་དང་མཚན་མོར་བླ་མའི་ཞིང་སྲུང་མཛད་དེ་བླ་མར་ཞབས་ཕྱི་དང་རང་ལ་སློབ་གཉེར་འཐུས་ཤོར་མེད་པའི་ཐོག་ཞོར་དུ་སློབ་དཔོན་སྨྲི་ཏིའི་དྲུང་ནས་སྒྲ་རིག་པ་དང་སཾ་སྐྲི་ཏའི་སྐད་བསླབས། དེ་ནས་ཇོ་བོ་རྗེ་མངའ་རིས་སུ་ཕེབས་པའི་གནས་ཚུལ་ཁམས་ལ་གོ་ཐོས་བྱུང་བས་ཞབས་ཐང་གིས་མངའ་རིས་སུ་ཕེབས་ཏེ་པུ་ཧྲེངས་སུ་ལྕགས་སྦྲུལ་སྤྱི་ལོ་༡༠༤༡ལོར་འབྲོམ་སྟོན་པས་ཇོ་བོ་ཐོག་མར་མཇལ།༡༠༤༢ལོར་འབྲོམ་སྟོན་པས་ཇོ་བོ་དབུས་གཙང་དུ་གདན་དྲངས་ཏེ་དབྱར་དགུན་སྟོན་དཔྱིད་སོགས་དུས་བཞི་ལ་དགོངས་པ་མ་རྫོགས་བར་ཞབས་ཕྱི་གཙོ་བོར་མཛད། སྤྱི་ལོ་༡༠༥༤ལོར་མཉེས་ཐང་དུ་ཇོ་བོ་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་གི་མཆོད་རྟེན་གསར་བཞེངས་དང་རྗེས་འཇུག་རྣམས་མཛད།སྤྱི་ལོ་༡༠༥༥ལོར་ཇོ་བོས་གསོ་སྐྱོང་གནང་བའི་སློབ་མ་རྣལ་འབྱོར་རྣམ་བཞི་བཅས་ཁྲིད་དེ་རྭ་སྒྲེང་དུ་ཕེབས།རབ་བྱུང་དང་པོའི་མེ་སྤྲེལ་སྤྱི་ལོ་༡༠༥༦ལོར་རྣལ་འབྱོར་རྣམ་བཞིའི་བཞུགས་གནས་དགོན་པ་གོང་དང་། ཀླུ་རྒྱལ་ནེའུ་ལུང་པའི་ཕོ་བྲང་གི་སྟེང་དུ་བཤེས་གཉེན་སྟོན་པ་རང་ཉིད་ཀྱི་གཟིམ་ཆུང་བཅས་བཀོད་པ་ཤིན་ཏུ་མཛེས་པར་བཞེངས།དེའི་ཕྱི་ལོ་མེ་བྱ་༼སྤྱི་ལོ་༡༠༥༧༽ལོར་ཞང་འཕྲང་ཁ་བེར་ཆུང་གིས་ཡོན་བདག་བྱས་ཏེ་རྟེན་གཙོ་བོ་ཇོ་བོ་འཇམ་དཔལ་རྡོ་རྗེའི་བཞུགས་གནས་དབུ་རྩེ་ཀ་གཉིས་མ་ཕྱག་བཏབ། དེ་ནས་དགོན་གྱི་བྱང་ངོས་སུ་རྒྱལ་བ་འབྲོམ་སྟོན་པས་མཉམ་མེད་ཇོ་བོ་རྗེའི་སྤུར་ཐལ་གྱི་སཙྪ་རེ་དང་རྒྱལ་བ་འབྲོམ་རང་གི་ཕྲེང་རྡོག་རེ་བཞུགས་སུ་གསོལ་ནས་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་ཏེ་རབ་ཏུ་གནས་པའི་ཆོ་ག་མཛད་པས་མཆོད་རྟེན་རེ་རེའི་སྟེང་མེ་ཏོག་པད་དཀར་རེ་ཟིལ་པ་ཁྲུམ་མེར་བཞད་པ་བཀའ་གདམས་ཆོས་འབྱུང་ལས་གསུངས། དེ་ནས་དགོན་གྱི་བྱང་ཤར་རི་ལྡེབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ས་དཔྱད་ཡོད་པར་གཟིགས་ཏེ་དེར་འབྲོམ་རང་གི་བཞུགས་ཁྲི་འདོམ་གང་ཙམ་བརྩིགས་ཏེ། མདུན་དུ་ཆོས་ཞུ་བ་པོ་སློབ་མ་བརྒྱ་ཙམ་ཤོང་བའི་སར་རྣལ་འབྱོར་རྣམ་བཞི་དང་། སྐུ་མཆེད་གསུམ་ལ་སོགས་པའི་སྐལ་ལྡན་གྱི་བུ་སློབ་རྣམས་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་དང་། བྱང་ཆུབ་ལམ་སྒྲོན་སོགས་དམ་པའི་ཆོས་ཀྱི་ཆར་ཕབ།དེ་ལྟར་ཕྱག་བཏབ་ནས་མི་ལོ་བརྒྱད་ཀྱི་རིང་གནས་འདིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་སུ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་གྲུབ་མཐའི་སྲོལ་ཡངས་པོར་ཕྱེས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྒྱུད་ལ་སྦྱོར་ཚུལ་ཤིན་ཏུ་གསལ་ཞིང་གོ་བདེ་བ་བློ་མཐོ་དམན་སུས་བལྟས་ཀྱང་རྒྱུད་འཁུལ་བ། རང་རྒྱུད་ལ་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་སོགས་གདམས་ངག་གི་ཡིག་འཇོག་ཀྱང་མང་དུ་མཛད། རྭ་སྒྲེང་གི་གནས་གཞི་བཙུགས་ཏེ་གཞུང་དོན་དང་ཉམས་ལེན་ཆིག་སྒྲིལ་དུ་མཛད་དེ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཤ་སྟག་ཏུ་གྱུར་པའི་བུ་སློབ་མང་དུ་བསྐྱངས།དེ་རྗེས་སྐུ་མཆེད་གསུམ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། གནས་ཀྱི་གདན་ས་རྣལ་འབྱོར་བ་ཆེན་པོ་ལ་གཏད། རྟེན་དགེ་བསྙེན་མཛད་ཀྱང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ཀྱང་ལྷག་པ་མཛད། མཐར་དགུང་ལོ་དྲུག་བཅུ་ཤིང་འབྲུག་སྤྱི་ལོ་༡༠༦༤ལོར་བོད་ཟླ་༥ཚེས༢༠ཉིན་རྭ་སྒྲེང་དུ་སྐུ་གཤེགས།4jCརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K