མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།ཨ་མེས་བྱང་ཆུབ་རིན་ཆེན།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-08 10:18:06         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

             བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།vBWརྗེ་ཙོང་ཁ་པའི་དྲ་བ།

            བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།vBWརྗེ་ཙོང་ཁ་པའི་དྲ་བ།

            རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།vBWརྗེ་ཙོང་ཁ་པའི་དྲ་བ།

            བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།vBWརྗེ་ཙོང་ཁ་པའི་དྲ་བ།
        ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་དེ་རིང་སྐབས་སུ་བབས་པ་རྣལ་འབྱོར་པ་ཆེན་པོ་ཨ་མེས་བྱང་ཆུབ་རིན་ཆེན་གྱི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།vBWརྗེ་ཙོང་ཁ་པའི་དྲ་བ།

0.webp.jpgvBWརྗེ་ཙོང་ཁ་པའི་དྲ་བ།

vBWརྗེ་ཙོང་ཁ་པའི་དྲ་བ།
        རྣལ་འབྱོར་བ་ཆེན་པོ་ཨ་མེས་བྱང་ཆུབ་རིན་ཆེན་ནི་ཤིང་མོ་ཡོས་སྤྱི་ལོ་༡༠༡༥མདོ་སྨད་ཙོང་ཁར་སྐུ་འཁྲུངས་གཙང་གི་ཉལ་མཚོར་ཇོ་བོ་མཇལ་ནས་སྔོན་གྱི་འབྲེལ་པ་ཡོད་པ་ཇོ་བོས་མཁྱེན་ནས་འདུ་ཤེས་བསྐྱེད་པའི་ཆོས་བཅུ་བྱ་བའི་གདམས་ངག་དང་དམ་ཚིག་གསུམ་བཀོད་ཀྱི་བཟླས་ལུང་གི་ཆོས་གསུང་ནས་བཟླས་སྒོམ་བྱས་པས་བཟླས་པ་སྟོང་ཕྲག་བརྒྱད་སོང་སྐབས་ཞལ་གཟིགས།ཇོ་བོ་རྗེས་ཆོས་དང་ཟང་ཟིང་གཉིས་ཀྱིས་ལེགས་པར་བསྐྱངས།ཁོང་ཇོ་བོ་ཡི་ཉེ་གནས་མཛད་དེ་སྒོ་གང་ཐད་ནས་ཇོ་བོ་ཞབས་ཏོག་བྱས་ནས་ཐུགས་དགྱེས་པར་མཛད།ཇོ་བོ་སྙེ་ཐང་དུ་བཞུགས་སྐབས་ཉིན་ཅིག་རྣལ་འབྱོར་བ་ཆེན་པོའི་ཐུགས་ལ་ང་བསོད་ནམས་ཆུང་བས་བླ་མའི་ཉེ་གནས་མ་གཏོགས་སྒོམ་སྒྲུབ་བྱེད་རྒྱུ་མ་བྱུང་བ་རེད་སྙམ་སྐབས་ཇོ་བོས་མཁྱེན་ནས་ལུས་ངག་ཡིད་གསུམ་བླ་མ་ལ་ཞབས་ཏོག་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་འཚོལ་མི་དགོས་གསུངས།དགོན་པ་བའི་ཞལ་ནས་ཀྱང་།སློབ་དཔོན་སྟོན་པས་ལོ་ཙཱ་བྱས།རྣལ་འབྱོར་པས་ནི་གཡོག་པོ་བྱས།ངས་བསྒོམས་པ་ཡིན་པ་ལ།རྟོགས་པ་དེ་ཁོང་གཉིས་མཐོ་བར་འདུག་གསུངས།དེའི་གནད་ཀྱིས་རྣལ་འབྱོར་བ་ཆེན་པོ་ལས་རྟོགས་པ་མཐོ་ལ་སྒོམ་བཟང་བ་མ་བྱུང་བ་མ་ཟད་ཇོ་བོའི་བཞེད་པའི་བདེན་གཉིས་ལ་འབྲོམ་སྟོན་པ་ལས་ཀྱང་མཁས་པར་གྲགས།ཇོ་བོ་སྐུ་མྱང་ངན་ལས་འདས་རྗེས་ཇོ་བོའི་ཞལ་ཆེམས་ལྟར་སྟོན་པ་རིན་པོ་ཆེ་དང་མཉམ་དུ་རྭ་སྒྲེང་ལ་ཕེབས་སྤྱི་ལོ་༡༠༦༤ལོར་སྟོན་པ་རིན་པོ་ཆེ་སྐུ་མྱང་ངན་ལས་འདས་ནས་༡༠༧༨ལོའི་བར་གདན་ས་ལེགས་པར་བསྐྱངས་དེའི་སྐབས་རྭ་སྒྲེང་གི་གཙུག་ལག་ཁང་ཁྱམས་སྨད་དང་ཁྱམས་ཆུང་བཞེངས་ནས་བར་གནས་མཛད།གདུལ་བྱ་དུ་མ་འདུས་ཏེ་དགེ་འདུན་སུམ་བརྒྱ་ཙམ་བྱུང་།སློབ་མ་ཡང་སྟོད་ལུང་བ་ཆེན་པོ་དང་སྨྱུག་རུམ་པ་སོགས་མང་དུ་བསྐྱངས།ཆོས་བདེན་པ་གཉིས་དང་།ལས་ཁ་ཚར་བ་མང་དུ་གསུངས། སྐུ་མཆེད་གསུམ་གྱིས་ཀྱང་ཞབས་ལ་གཏུགས།དེ་ལྟར་འགྲོ་བའི་དོན་རྒྱ་ཆེན་མཛད་དེ་ས་ཕོ་རྟའི(སྤྱི་ལོ་༡༠༧༨)བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ལ་རྭ་སྒྲེང་དུ་སྐུ་མྱང་ངན་ལས་འདས་སོ།།vBWརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K