མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།དགོན་པ་བ་དབང་ཕྱུག་རྒྱལ་མཚན།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-10-08 10:20:09         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

             ༄༅།།བཤད་སྒྲུབ་གདམས་པའི་མཆོག་མངའ་ཨ་ཏི་ཤ།།OMLརྗེ་ཙོང་ཁ་པའི་དྲ་བ།
            བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་རྗེ།།OMLརྗེ་ཙོང་ཁ་པའི་དྲ་བ།
            རྣལ་འབྱོར་རྣམ་བཞི་སྐུ་མཆེད་གསུམ་ལ་སོགས།།OMLརྗེ་ཙོང་ཁ་པའི་དྲ་བ།
           བཀའ་གདམས་བླ་མ་རྣམས་ལ་ཕྱག་འཚལ་ལོ།།OMLརྗེ་ཙོང་ཁ་པའི་དྲ་བ།
        ཞེས་མཆོད་བརྗོད་ཀྱིས་མདུན་བསུས་ཏེ་ཇོ་བོ་བཀའ་གདམས་པའི་ཤིང་རྟའི་སྲོལ་འབྱེད་ཇོ་འབྲོམ་ཡབ་སྲས་གཉིས་དང་སྲོལ་འཛིན་རྣལ་འབྱོར་རྣམ་བཞི་དང་སྐུ་མཆེད་གསུམ་སོགས་ཀྱི་རྣམ་ཐར་མ་རིག་རྒད་པོའི་མིག་འབྱེད་ལས་དེ་རིང་སྐབས་སུ་བབས་པ་དཔལ་ལྡན་དགོན་པ་བ་དབང་ཕྱུག་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས་མཚམས་སྦྱོར་ཞུ་རྒྱུ།OMLརྗེ་ཙོང་ཁ་པའི་དྲ་བ།

640.webp (3).jpgOMLརྗེ་ཙོང་ཁ་པའི་དྲ་བ།

དགོན་པ་བ་དབང་ཕྱུག་རྒྱལ་མཚན།OMLརྗེ་ཙོང་ཁ་པའི་དྲ་བ།

OMLརྗེ་ཙོང་ཁ་པའི་དྲ་བ།
        མདོ་ཁམས་སྟོད་ཀྱི་ལྡན་མ་སྒང་དུ་༡༠༡༦ལོར་སྔགས་པ་ཞིག་གི་སྲས་སུ་སྐུ་འཁྲུངས།མཚན་ཆ་ཚང་ལ་དགོན་པ་བ་འཛེང་དབང་ཕྱུག་རྒྱལ་མཚན་ཟེར།འཛེང་ནི་གདུང་རུས་ཀྱི་མཚན་ཡིན།གཙང་གི་གནས་རྙིང་དུ་ཇོ་བོ་མཇལ་ནས་དམ་ཚིག་གསུམ་བཀོད་བཟླས་ལུང་གི་ཆོས་ཞུས་ཏེ་བཟླས་པ་སྟོང་ཕྲག་བརྒྱད་སོང་སྐབས་ཞལ་གཟིགས།ཇོ་བོ་རྗེས་ཆོས་དང་ཟང་ཟིང་གཉིས་ཀྱིས་ལེགས་པར་བསྐྱངས།ཁྱད་པར་དུ་ཇོ་བོ་རྗེའི་བླ་མཆོད་ཀྱི་ཚུལ་གྱིས་སྨིན་པར་མཛད་ནས་བླ་མའི་བྱིན་བརླབས་ཀྱིས་རང་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་ཚུལ་ཁྲིམས་རྣམ་པར་དག་པ་དང་།ཏིང་ངེ་འཛིན་དང་།ཤེས་རབ་བཅས་ཕུན་སུམ་ཚོགས་པ།མངོན་པར་ཤེས་པའི་ཡོན་ཏན་དང་ལྡན་པ་མ་ཟད་ཇོ་བོ་མཇལ་ནས་དགོངས་པ་མ་རྫོགས་བར་བརྟེན་ནས་གཞུང་ཆེན་མོ་ཁག་གི་ཐ་སྙད་ལ་གཙོ་བོར་མ་མཛད་པར་སྒྲུབ་པ་རྩེ་གཅིག་ཏུ་མཛད།དགུང་ལོ་བཞི་བཅུ་ལ་ཇོ་བོའི་བཀའ་བཞིན་རྒྱལ་བ་འབྲོམ་དང་མཉམ་དུ་རྭ་སྒྲེང་ལ་ཕེབས་ནས་དགོན་པ་གོང་ལ་བཞུགས་ཏེ་སྒྲུབ་པ་མཛད།སྤྱི་ལོ་༡༠༧༨ནས་༡༠༨༢བར་དགོངས་པ་མ་རྫོགས་བར་རྭ་སྒྲེང་གི་གདན་ས་བསྐྱངས་ནས་དགུང་ལོ་༦༧ལ་ཕེབས་སྐབས་སྐུ་ཞི་བར་གཤེགས། ཁོང་གི་སྐུ་དམར་གདུང་བཞུགས་པའི་མཆོད་རྟེན་དགོན་པ་གོང་གི་འོག་ཏུ་ཡོད་ཅིང་རིག་གསར་སྐབས་འཐོར་ཞིག་ཏུ་སོང་སྟེ་སྐུ་གདུང་རིམ་བཞིན་ཡལ་ཡང་མཆོད་རྟེན་ད་ལྟ་ཉམས་གསོ་གནང་ནས་མཇལ་རྒྱུ་ཡོད།ཁོང་གི་སློབ་མ་དགེ་བཤེས་སྣེའུ་ཟུར་བས་གཙོས་པའི་དགོན་པ་བའི་བུ་ཆེན་བཞི་སོགས་མང་དུ་ཡོད་པ་མ་ཟད་དགོན་པ་བ་ནས་སྣེའུ་ཟུར་བ་དང་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་བར་བརྒྱུད་པའི་བཀའ་གདམས་ལམ་རིམ་པའི་སྲོལ་ཡང་དར་རོ།།OMLརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K