མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / གནས་ཆེན། > ནང་དོན་དངོས།

༄༅།།ཡུམ་བུ་བླ་སྒང་།

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2015-01-22 15:50:25         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

QQ截图20150122160229.pngveaརྗེ་ཙོང་ཁ་པའི་དྲ་བ།

       ཡུམ་བུ་བླ་སྒང་འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ཀྲོན་ཆུས་སྣེ་གདོང་རྫོང་ཕོ་བྲང་ཆུས་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཏོག་ལྟ་བུར་གནས་ཡོད། ངག་སྒྲོས་སུ་ཕོ་བྲང་འདི་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་རྗེ་གཉའ་ཁྲི་བཙན་པོས་བཏབ་པར་གྲགས་ཤིང་། སྐུ་མཁར་ལ་སྔ་བ་དེ་ཡིན། དེ་ཡང་ཤྭ་བ་ཡུ་མོའི་བརླ་འདྲ་བའི་རི་སྟེང་དུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མིང་ཚིག་ཏུ་གྲུབ་སྐད་ཀྱང་ཕྱིས་ཡིག་རྒྱུན་དུ་ཡུམ་བུ་བླ་སྒང་ཞེས་འབྲི་རྒྱུན་དར། རྒྱ་བཟའ་ཝུན་ཤིང་ཀོང་ཇོ་བོད་དུ་ཕེབས་རྗེས་སྐབས་ཤིག་རིང་། དབྱར་དུས་ཡུམ་བུ་བླ་སྒང་དུ་བཞུགས་པ་དང་། དགུན་དུས་ཁྲ་འབྲུག་གཙུག་ལག་ཁང་དུ་བཞུགས་སྐད།veaརྗེ་ཙོང་ཁ་པའི་དྲ་བ།
        ཕོ་བྲང་འདིའི་ཐོག་མའི་མཐོ་ཚད་ལ་རྒྱལ་མཆོག་ལྔ་པ་ཆེན་པོས་བཞེངས་པའི་གསེར་ཟངས་ ཀྱི་རྒྱ་ཕིབས་བརྩིས་བསྡོམས་ཐོག་བརྩེགས་དགུ་ལྡན་དང་པོ་ཕོ་བྲང་གི་སྒོ་ནུབ་ཏུ་བསྟན་ཡོད། ཕོ་བྲང་འདི་རྒྱབ་མདུན་ཁག་གཉིས་སུ་དབྱེ་བ་ལས་མདུན་དུ་མཆོད་ཁང་སྟེང་འོག་དང་། རྒྱབ་ཏུ་མཁར་རྫོང་ལྟ་བུའི་རྩེ་མོ་གསེར་ཟངས་རྒྱ་ཕིབས་ཀྱིས་བརྒྱན་པའི་མཁར་མཐོན་པོ་ཞིག་ཡོད། འདུ་ཁང་ནང་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ནོར་བུ་བསམ་འཕེལ་བཞུགས་ཤིང་། གཡས་གཡོན་དུ་ཆོས་རྒྱལ་གཉའ་ཁྲི་བཙན་པོ་དང་། ལྷ་ཐོ་ཐོ་རི། ཁྲི་སྲོང་ལྡེ་བཙན། ཐོན་མི་སམ་བྷོ་ཊ། ཆོས་རྒྱལ་སྲོང་བཙན་སྒམ་པོ། མངའ་བདག་ཁྲི་རལ་པ་ཅན། འོད་སྲུང་། མགར་སྟོང་བཙན་སོགས་རྒྱལ་བློན་རྣམས་ཀྱི་འཇིམ་བརྙན་བཞུགས། སྟེང་ཁང་དུ་ཙན་དན་ལས་གྲུབ་པའི་འཕགས་པ་ལོ་ཀེ་ཤྭ་རའི་སྐུ་བརྙན་དང་། གཙོ་བོའི་མཐའ་སྐོར་དུ་ཤཱཀྱ་ཐུབ་པ། ལྷ་རི་སྨན་པའི་རྒྱལ་པོ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་བཞུགས། ལྡེབས་བྲིས་སུ་གཉའ་ཁྲི་བཙན་པོ་གཉའ་བར་བཏེགས་པའི་ལོ་རྒྱུས་དང་། དེ་བཞིན་ཞིང་ལ་སྔ་བ་ཞལ་ཟས་ཞིང་དང་། གྲོང་ལ་སྔ་བ་མོན་གྲོང་ཤར་པ། རྫིང་ལ་སྔ་བ་མེ་ཏོག་རྫིང་སོགས་ཆེས་སྔ་བའི་ལོ་རྒྱུས་བཀོད་ཡོད། རྒྱ་ཕིབས་འོག་ཏུ་ལྗོན་ཤིང་སྡོང་པོ་ཡལ་ག་རྒྱས་པ་ཞིག་ཡོད་པ་དེ་ཙན་དན་སྡོང་པོ་རེད་ཅེས་ཀྱང་ཤོད་སྲོལ་ཡོད།veaརྗེ་ཙོང་ཁ་པའི་དྲ་བ།
        བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་གཉན་བཙན་བར་རྒྱལ་རབས་ཉེར་བརྒྱད་སོང་ཞིང་། ལྷ་ཐོ་ཐོ་རིའི་དུས་སུ་ཡུམ་བུ་བླ་སྒང་གི་ཡང་སྟེང་དུ་མདོ་སྡེ་ཟ་མ་ཏོག་སོགས་ནམ་མཁའ་ནས་བབས་པ་དང་ཕྱོགས་མཚུངས་ཁྱེད་ནས་མི་རབས་ལྔ་སོང་དུས་འདིའི་དོན་གོ་ཞེས་པའི་ལུང་བསྟན་སོགས་ཀྱང་བྱུང་བས་རྒྱལ་པོས་གསེར་སྐྱེམས་གཡུ་སྔོའི་མཆོད་པ་ཕུལ་བས་དགེ་མཚན་དང་ལྡན་པར་གྱུར་ལ་འདི་ཡང་ཡུམ་བུ་བླ་མཚན་གསོལ་ཏེ་ད་ལྟའི་བར་དུའང་གྲགས། བོད་རབ་བྱུང་དྲུག་པའི་ས་སྟག་སྤྱི་ལོ་1338ལོར་བོད་ཀྱི་ཆོས་རྒྱལ་གྱི་གདུང་རྒྱུད་ཡ་རྩེ་རྒྱལ་པོས་ཉམས་གསོ་རྒྱ་ཆེར་མཛད། ཡིན་ནའང་རིག་གསར་སྐབས་ཕོ་བྲང་འདིར་གཏོར་བཤིག་ཕོག་ཡོད། སླར་ཡང་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་གངས་ལྗོངས་སུ་དོན་འཁྱོལ་བྱུང་བས་ཉམས་གསོ་བྱེད་འགོ་ཚུགས་ཤིང་། མཁར་འདིའི་གནས་ཡུལ་གྱི་གཞི་རྒྱ་ཆེན་པོ་མེད་ཀྱང་བརྗིད་ཉམས་ཆེ་ཞིང་གཟི་བརྗིད་དང་ལྡན་པའི་ངང་རི་བོའི་རྩེ་མོར་འགྱིངས། འདི་ནི་སྤྱི་ལོ་1962ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་ རིག་དངོས་སྲུང་སྐྱོབ་གཙོ་བོར་བྱེད་པའི་སྡེ་ཚན་ཏུ་གཏོགས་སོ། །veaརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K