མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །བཀྲ་ཤིས་ལྷུན་པོ་དགོན་པ།

    སྤེལ་དུས།  2014-08-19 10:07:19         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 14.JPGvFMརྗེ་ཙོང་ཁ་པའི་དྲ་བ།

    བཀྲ་ཤིས་ལྷུན་པོ་དགོན་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ངོས་ཉི་ཟེར་རི་བོའི་འདབས་སུ་གནས་ཡོད་པ་དང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གདན་ས་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ཞིང་བོད་རབ་བྱུང་བརྒྱད་པའི་མེ་ཡོས་ལོ་སྟེ། vFMརྗེ་ཙོང་ཁ་པའི་དྲ་བ།
    སྤྱི་ལོ༡༤༤༧ལོར་རྒྱལ་བ་ཙོང་ཁ་པའི་ཞལ་སློབ་རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་ཕྱག་འདེབས་གནང་བ་དང་དགོན་པའི་ནང་དུ་འདུ་ཁང་ཆེན་མོ་དང་།པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་གདུང་ཚལ་ལྷན་བཞུགས་མཆོད་ཁང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་གསེར་གདུང་སོགས་མཆོད་ཁང་དང་ལྷ་ཁང་མང་པོ་ཡོད་པ་མ་ཟད་འཛམ་གླིང་ཐོག་གསེར་ཟངས་ལས་གྲུབ་པའི་སྐུ་ཚད་མཐོ་ཤོས་སུ་གྱུར་པ་རྒྱལ་བ་བྱམས་པའི་སྣང་བརྙན་གྱིས་མཚོན་སྐུ་གསུང་ཐུགས་རྟེན་གྱི་དངོས་སྣེ་མང་པོ་ཡོད། ད་དུང་ལོ་རྒྱུས་ཐོག་ཆེས་དཀོན་པའི་རྩ་ཆེའི་རིག་དངོས་མང་པོ་ཡོད་པ་སྟེ།ཤིང་ཏ་ལའི་ལོ་མའི་ཐོག་ཏུ་བྲིས་པའི་དཔེ་ཆ་དང་བཀའ་བསྟན་གསེར་ཆོས་མ།དེ་བཞིན་མན་ཆིང་གོང་མས་པཎ་ཆེན་རིན་པོ་ཆེར་ཕུལ་བའི་གསེར་གྱི་འཇའ་ས་དང་ཐམ་ག གཞན་ཡང་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་ཀྱི་དཀར་ཡོལ་དང་ཤེལ་གྱི་ཡོ་བྱད་ཁག སྐུ་ཐང་འཚེམ་དྲུབ་མ་སོགས་གནའ་བོའི་དངོས་རྫས་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད། དགོན་པའི་རྒྱ་ཁྱོན་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ་བདུན་ཅུ་ཙམ་ཡོད། ༡༩༦༡ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་འཁེལ་གནང་བ་རེད།vFMརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K