མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །གསེར་ཁོག་དགོན་དགའ་ལྡན་མི་འགྱུར་གླིང་།

ཡོང་ཁུངས།   བོད་ཀྱི་གནས་ཡིག་དྲ་བ།     སྤེལ་དུས།  2014-08-19 10:44:33     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 21.jpgYaVརྗེ་ཙོང་ཁ་པའི་དྲ་བ།

བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཆོས་སྡེ་ཆེན་པོ་གསེར་ཁོག་དགོན་པའམ་བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་ནི། དེང་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཏེ་རྟ་ཐང་རྫོང་ཏུང་ཞ་ཡུལ་ཚོའི་ཡཱ་མིན་གྲོང་གི་ཁོངས་སུ་ཆགས་ཡོད། སྤྱི་ལོ༡༦༥༠ལོར་བཙན་པོ་དོན་གྲུབ་རྒྱ་མཚོས་ཕྱག་བཏབ། སྨིན་གྲོལ་ཧོ་ཐོག་ཐུའི་བཞུགས་གནས་ཡིན། བཙན་པོ་དོན་གྲུབ་རྒྱ་མཚོ་མཆོག་ནི་བོད་དབུས་ཁུལ་དགའ་བ་གདོང་གི་མི་ཡིན་ལ། ཆུང་དུས་ནས་འབྲས་སྤུངས་དགོན་པར་ཞུགས་ནས་གཞུང་ཆེན་རྣམས་ལ་ལེགས་པར་སྦྱངས། རྗེས་སུ་མདོ་སྨད་དུ་ཕེབས་ཏེ་སྐུ་འབུམ་དང་དགོན་ལུང་སོགས་ནས་ཁྲི་མཛད་དེ་དགོན་པ་བསྐྱངས། ཁོང་གིས་དགོན་པ་འདི་ཉིད་བཏབ་རྗེས་ཀྱི་ཕྱི་ལོ༡༦༥༣ལོར་རྒྱལ་དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་རྒྱ་ནག་རྒྱལ་སར་བསྐྱོད་དེ་ཕྱིར་དབུས་གཙང་དུ་ཕེབས་པའི་ལམ་བར་དུ་འདི་ག་དགོན་པར་ཕེབས་ནས་སེར་སྐྱ་མང་ཚོགས་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནངས་པས་དགོན་པའི་མཚན་སྙན་ཕྱོགས་བཞིར་རྒྱས་ཏེ། བར་སྐབས་ཤིག་ལ་གྲྭ་བ་བདུན་བརྒྱ་དང་གྲྭ་ཤག་དྲུག་བརྒྱར་བུད་མྱོང་བའི་ལོ་རྒྱུས་ཡོད། ཕྱིས་སུ་གོད་ཆག་སྣ་ཚོགས་ཞིག་བརྒྱུད་རྗེས་དགོན་པ་འདི་ཡང་མིང་གི་ལྷག་མར་གྱུར་ཏེ་དེང་སྐབས་བླ་གྲྭ་ཉི་ཤུ་ལྷག་ལས་མེད། YaVརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K