༄༅། །གོས་སྐུ་འབུར་མ།
ཡོང་ཁུངས། མཚོ་སྔོན་པོ་དྲ་བ། སྤེལ་དུས། 2014-07-06 15:23:25
རྩོམ་པ་པོ། འཇིགས་མེད་བསམ་གྲུབ། ཀློག་ཐེངས།
ཡིག་གཟུགས་ཇེ་ཆེར་གཏོང་།
ཡིག་གཟུགས་ཇེ་ཆུང་གཏོང་།
གོས་སྐུ་འབུར་མ་ནི་བཟོ་ཐབས་ཕལ་ཆེར་གོང་དང་ཚུངས་པ་ལ། འབུར་དུ་དོད་པའི་ཐབས་སུ་རས་གཞི་དང་གོས་ཆེན་གཉིས་ཀྱི་བར་དུ། རས་བལ་སྦྱར་མའི་གོས་དང་འདྲ་བའི་སྲིང་བལ་དང་ཤིང་བལ་སོགས་འབུས་མི་གནོད་པའི་བལ་བཅུག འབུར་གཤོང་གི་ཁྱད་པར་ལ་སྲིང་བལ་མང་ཉུང་དང་བཅད་སྐུད་གྲིམ་ལྷོད་བྱ། སྐུ་དེ་དག་ནི་ཕྱེད་ཙམ་འབུར་བ་སྟེ་གོས་ཆེན་དྲ་དུས་ཤོག་དཔེ་ལས་ཆེ་ཙམ་དགོས་ཏེ་འབུར་སྐུའི་ཆ་ཚོད་ཀྱི་ཕྱེད་ཙམ་ཚོད་ཟིན་པར་བྱ་ལ། གོས་ཆེན་མཐུག་པོས་འབུར་སྐུ་བཟོ་དཀའ་བས། སྲབ་མཐུག་རན་པ་ཞིག་དགོས་པར་བཤད་དོ།། སྤྱིར་གོས་སྐུའི་རིགས་ལ་གཙོ་སྐུའི་ལྷ་ཆེ་ཞིང་རི་མོ་ཉུང་བ་ཡིན་ནོ།།
རྩོམ་སྒྲིག་པ།:མཁའ་ཚེ།