མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།བོད་ཀྱི་ཡིག་གཟུགས།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-02 21:37:07         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        ༄༅། །རང་ཅག་བོད་ཀྱི་ཡིག་གཟུགས་ལ་གཉིས་ཏེ། དབུས་གཙངགིས་དབུ་ཅན་དང་དབུ་མེད་ཟེར། ཨ་མདོས་ཡིག་དཀར་དང་ཡིག་ནག་ཟེར། ཁམས་པས་གཟབ་དང་གཤར་ཟེར་ཏེ། དོན་གཅིག་ལ་ཡུལ་སོ་སོར་མིང་ཐ་དད་དུ་གྲགས་པ་ཙམ་ཡིན་ཞིང༌། འོ་ན་ཡིག་གཟུགས་དེ་དག་ཇི་ལྟར་བྱུང་ཞེ་ན། དུས་རབས་བཅུ་བཞི་པར་བྱོན་པའི་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོའི་《ཆོས་འབྱུང་》དུ། ནཱ་ག་ར་ལས་བོད་ཡིག་གཟབ་མར་བསྒྱུར། བྷ་ཏུ་རི་ལས་བོད་ཡིག་བཤུར་མར་བསྒྱུར། ཞེས་དང༌། 《བུ་སྟོན་ཆོས་འབྱུང》དུ། ཁ་ཆེའི་ཡི་གེ་ལ་དཔེར་བླངས། ཞེས་དང༌། 《༸རྒྱལ་དབང་ལྔ་པའི་དེབ་ཐེར་》དུ། ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང༌། ཝརྟུལ་དཔེར་བྱས་ནས་གཤར་མ་བཟོས། ཞེས་དང༌། 《ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐར་》 ནཱ་ག་རའི་ཡི་གེ་ལ་དཔེར་བྱས་ནས་མགོ་ཅན་གྱི་གཟབ་དང༌། ཝརྟུལའི་ཡི་གེ་ལ་དཔེར་བྱས་ནས་མགོ་མེད་ཀྱི་གཤར་གཉིས་བཟོས། འདི་རྣམས་ཐོན་མིའི་ཞལ་ལུང་ལས་བཤུས་ཞེས་སོགས་སྔོན་བྱོན་མཁས་པ་རྣམས་ལ་བཞེད་པ་མི་འདྲ་བ་དུ་མ་བྱུང་བ་ལས། ཕལ་མོ་ཆེས་དབུ་ཅན་གང་ལ་དཔེ་བྱ་ས་ནི། ནཱ་ག་རའི་ཡི་གེར་མཐུན་པར་བཞེད་པར་མ་ཟད། ཕྱིས་ཀྱི་མཁས་པ་དགེ་ཆོས་ཀྱིས། གུཔྟའི་རྒྱལ་བརྒྱུད་ཀྱི་སྐབས་སུ་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་བྱོན་ཅིང༌། ཞེས་དང༌། གུཔྟའི་རྒྱལ་པོའགའ་ཞིག་གི་ཟངས་ཀྱི་གླེགས་བུ་རྡོ་ཡིག་ཡོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཞིང༌། ཅུང་ཟད་རྒྱང་ནས་བལྟས་ན། ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་པ་བཞིན་ཡོད་པ། ཞེས་དང༌། རྒྱལ་ཁམས་ཀྱི་ཡི་གེ་ནི། ད་དུང་ཡང་གུཔྟའི་ཡི་གེ་ཡིན་ལ། དེ་རིམ་གྱིས་འགྱུར་བ་ལ་ད་ལྟ་ཡུལ་དབུས་པ་སོགས་ཀྱིས་ཤས་ཆེར་བྲི་བ་ནཱ་ག་རའི་ཡི་གེ་འདི་ཉིད་བྱུང་བ་ཡིན་ནོ། །ཞེས་ཡི་གེའི་དཔེ་རིས་བཅས་གསལ་བར་གསུངས་པས། དུས་དང་དཔེ་རིས་གང་ལ་བལྟས་ཀྱང་ཡིད་རྟོན་དུ་རུང་བའི་བཤད་པར་སྣང་ཞིང༌། སློབ་དཔོན་ཐུ་མིའི་དུས་ཀྱི་གུཔྟའི་ཡི་གེ་དེ་ཉིད་ལ་བུ་སྟོན་ཐམས་ཅད་མཁྱེན་པའི་དུས་སུ་ནཱ་ག་རའི་ཡི་གེ་ཞེས་རྒྱ་གར་ན་གྲགས་པ་དེ་ཡིན་པས། བོད་ཡིག་དབུ་ཅན་གང་ལ་དཔེ་བྱ་ས་ནི། གུཔྟའི་ཡི་གེར་ངེས་སོ།།32lརྗེ་ཙོང་ཁ་པའི་དྲ་བ།
《ཐོན་མིའི་ཞལ་ལུང་》དུ། ཐོན་མི་དང་དུས་ཐོག་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརྵ་དང༌། ཞེས་དགེ་ཆོས་ཀྱི་བཤད་སྒྲོས་སུ་བྱས་ཀྱང༌། དགེ་ཆོས་ཀྱི་གསུང་འབུམ་ལས་ནི། ལཉྫ་ནི་གུཔྟ་ཕྱི་མའི་དུས་ཀྱི་མཇུག་རྒྱལ་པོ་ཧརྵ་ ཞེས་དང༌། དེས་ན་ལཉྫ་ནི་དུས་ཀྱང་ཐུ་མི་ལས་འཕྱིས་ལ། ཞེས་འབྱུང་ངོ༌། །32lརྗེ་ཙོང་ཁ་པའི་དྲ་བ།
        དབུ་མེད་གཤར་མ་ནི། ཝརྟུལ་སོགས་ལ་དཔེ་བྱས་གསུངས་པ་ནི། ཅུང་ཟད་དཀའ་བར་མ་ཟད། ལེགས་པར་བརྟགས་ན་དབུ་མེད་རྣམས་ནི་གཟབ་ཇེ་མགྱོགས་སུ་བྲིས་པ་ལས་རིམ་བཞིན་བྱུང་བ་ལ། ལག་རྩལ་མཁས་པ་སོ་སོས་ཕྱིས་སུ་མཛེས་པར་བཅོས་པ་ཙམ་སྟེ། མཁས་དབང་ཚེ་ཏན་ཞབས་དྲུང་གིས། ཐོན་མིའི་དུས་སུ་དབུ་ཅན་ཁོ་ནར་དར་བར་གྱུར་པ་ལས་དབུ་མེད་དར་བར་མི་སེམས་ལ། དེ་ནས་རིམ་གྱིས་དབུ་ཅན་དེ་ཉིད་མགྱོགས་པར་བྲིས་པ་ལས་རང་བཞིན་གྱིས་དབུ་མེད་ཀྱི་རྣམ་པ་བྱུང་བ་ལུང་དང་རིགས་པས་བསྒྲུབ་མི་དགོས་ཏེ། དཔེར་ན། ཀ་སྡེ་གཅིག་པུའི་སྟེང་ནས་མཚོན་པས་ཤེས་སླ་ཞིང༌། ཁྱད་པར་དུ་དབུ་ཅན་གྱི་ང་ཡིག་གཟབ་པ་ལས་མགྱོགས་པར་བྲིས་པས་ཡིག་ཚུགས་ཐོན་པ་ནི། མངོན་སུམ་ཡིན་པ་བཞིན་ནོ། །ཞེས་གསུངས་པ་ལྟར་རང་གིས་མགྱོགས་དལ་ཅི་རིགས་ཀྱིས་བྲིས་ན་ཤེས་ནུས་ཏེ། ཁོ་བོས་གཞན་དུ་དཔེ་རིས་བཅས་བཀོད་ཟིན་ཏོ། །32lརྗེ་ཙོང་ཁ་པའི་དྲ་བ།
        《བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན་》ལས། ཁྱུང་པོ་གཡུ་ཁྲི་འབར་ཞེས་བྱ་བས་ལོ་ཙཱ་བ་ཆེན་པོ་སྐའ་བ་དཔལ་བརྩེགས་ལུགས་ཀྱི་དབུ་ཅན་ཡིག་གཟུགས་དཀྱིལ་འཁོར་གྱི་ཆ་ཚད་དཔེར་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་ཤིང༌། ཐིག་རིས་སུ་བཏབ་ནས་འབྲི་བའི་སྲོལ་ཕྱེ་བ་དང༌། ཤིང་པར་བརྐོ་བ་སོགས་རིམ་གྱིས་དར་བ་ནས་ད་ཐུག་བར་དུ་དབུ་ཅན་གྱི་ཡིག་གཟིགས་ལ་ལུས་བྱིངས་ཀྱི་འགྱུར་བ་ཆེར་མ་བྱུང་བར་མངོན། ཞེས་འབྱུང་བ་ལྟར་ཡིན་མོད། དབུ་མེད་ལ་ཆ་ཚད་བཟུང་བགོས་པ་དང་ཐིག་ཁོངས་སུ་དྲངས་པ་བྱུང་ཚུལ་《དུང་དཀར་ཚིག་མཛོད་》དུ་གསལ་ཙམ་ལས། ཤིང་པར་བརྐོ་བ་སོགས་མ་བྱུང་བས། ཡིག་མཁན་སོ་སོས་ལག་རྩལ་གང་ཐོན་ལྟ་བུར་བྲིས་ཚུལ་སྣ་ཚོགས་པ་ཞིག་བྱུང་ངོ༌། །32lརྗེ་ཙོང་ཁ་པའི་དྲ་བ།
སྔ་སྔ་མོར་ནི། བཀའ་དང་བསྟན་འགྱུར། གསར་རྩོམ་སོགས་ཐམས་ཅད་ལག་བྲིས་ཁོ་ན་ལ་བརྟེན་དགོས་པས་ཚེགས་ཆེ་ཞིང་ཡིག་ནོར་མང་བ། ཁྱབ་རྒྱ་ཆུང་བ་སོགས་སྐྱོན་མང་པོ་ཡོད་པ་ལ། ཕྱི་ལོའི་དུས་རབས་བཅུ་བཞི་པར་སྣར་ཐང་དུ་བཀའ་འགྱུར་གྱི་ཤིང་དཔར་གསར་དུ་བཞེངས་པ་ནས་བཟུང་རིམ་བཞིན་བོད་དུ་བཀའ་བསྟན་འགྱུར་ལ་སོགས་པའི་རིག་གནས་བཅུའི་བསྟན་བཅོས་ཁྲི་ཕྲག་མང་པོ་ས་ཁྱབ་རྡོ་ཁྱབ་ཏུ་དར་བའི་འཕྲིན་ལས་སུ་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱུང་ལ། དུས་རབས་བཅོ་ལྔ་པའི་ཕྱེད་ཡན་ལ་ཡོ་རོབ་ཡོངས་རྫོགས་ན་དེབ་གྲངས་ཆིག་འབུམ་ཙམ་ལས་མེད་ཅིང༌། དེའི་ཡར་སྔོན་ན་ལག་བྲིས་ཁོ་ན་ལ་བརྟེན་པ་ལ་ཕྱི་ལོ་ ༡༤༥༦ ལོར་འཕྲུལ་དཔར་ཁང་གསར་དུ་བཟོས་ཤིང༌། ཐོག་མར་དཔར་དུ་བསྐྲུན་པ་ནི། Gutenburg Bible《གྷུ་ཏན་བྷག་གི་ཡི་ཤུའི་གསུང་རབ་》ཟེར་བ་དེ་ཡིན་ཚུལ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་དགུ་པའི་རྒྱལ་རབས་སློབ་དེབ་ན་གསལ་བས། དེ་ལྟར་ན་གནའ་སྔ་མོ་ནས་བོད་འདི་རིགས་གནས་ཀྱི་ཆ་ནས་སྔོན་ཐོན་ཅན་ཡིན་མོད། དེང་གི་རིག་གསར་ཚན་རིག་གི་སྒོ་ནས་རྗེས་ལུས་ཅན་ཡིན་པས། ཚན་རིག་སོགས་ཕྱི་གཏེར་ནང་དུ་འདྲེན་ཏེ། ཟླ་མེད་པའི་བོད་ཀྱི་སྐད་ཡིག་འདི་ཀུན་གྱི་ཡང་རྩེར་སོན་པ་ཞིག་མཛད་པར་ཞུའོ། །32lརྗེ་ཙོང་ཁ་པའི་དྲ་བ།
ཡི་གེ་ཐིག་ཁོངས་སུ་འདྲེན་ཚུལ་ནི། རེ་འགའ་བརྗོད་པས་ཀུན་ལ་མི་ཁྱབ་ཅིང༌། མཐའ་དག་བརྗོད་ན་མང་བར་འགྱུར་བ་དང༌། ཁོ་བོས་ཚིགས་བཅད་དུ་ཉུང་ངུར་སྡེབ་འདོད་པས་རེ་ཞིག་བཞག་གོ །32lརྗེ་ཙོང་ཁ་པའི་དྲ་བ།
བོད་ཀྱི་ཡིག་གཟུགས་ལ་ཅུང་ཟད་དཔྱད་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ། །32lརྗེ་ཙོང་ཁ་པའི་དྲ་བ།
རབ་བརྟགས་སྒྲོ་སྐུར་དྲི་མས་མ་སྦགས་པར། །32lརྗེ་ཙོང་ཁ་པའི་དྲ་བ།
དོན་གྱི་སྙིང་པོ་བཅུད་ལྡན་ཏིང་འཛིན་ཟས། །32lརྗེ་ཙོང་ཁ་པའི་དྲ་བ།
བློ་ལྡན་ལྷ་ཡི་ཚོགས་ལ་ཕུལ་བ་ལས། །32lརྗེ་ཙོང་ཁ་པའི་དྲ་བ།
རང་གཞན་རྣམ་དཔྱོད་ལུས་མཛེས་རྱས་པར་ཤོག །32lརྗེ་ཙོང་ཁ་པའི་དྲ་བ།
ཅེས་ཀྱང་སྨྲས་སོ། །༢༠༠༥།༤།༡༨ ནས་ ༢༢ བར་སོགས་སུ་བྲིས།32lརྗེ་ཙོང་ཁ་པའི་དྲ་བ།

ཟུར་བལྟའི་དཔྱད་གཞིའི་དེབ།32lརྗེ་ཙོང་ཁ་པའི་དྲ་བ།
༡ དུང་དཀར་ཚིག་མཛོད་ཆེན་མོ།32lརྗེ་ཙོང་ཁ་པའི་དྲ་བ།
༢ མཁས་པ་ལྡེའུས་མཛད་པའི་ཆོས་འབྱུང༌།32lརྗེ་ཙོང་ཁ་པའི་དྲ་བ།
༣ རྒྱལ་རབས་གསལ་བའི་མེ་ལོང༌།32lརྗེ་ཙོང་ཁ་པའི་དྲ་བ།
༤ The Story of Civilization (History Text book for Class 9)32lརྗེ་ཙོང་ཁ་པའི་དྲ་བ།
༥ མུ་ཏིག་ཕྲེང་མཛེས།32lརྗེ་ཙོང་ཁ་པའི་དྲ་བ།
༦ པྲ་སྟིའི་སུམ་རྟགས།32lརྗེ་ཙོང་ཁ་པའི་དྲ་བ།
༧ ཐོན་མིའི་ཞལ་ལུང༌།32lརྗེ་ཙོང་ཁ་པའི་དྲ་བ།
༨ གསེར་ཏོག་སུམ་རྟགས།32lརྗེ་ཙོང་ཁ་པའི་དྲ་བ།
༩ བོད་ཡིག་འབྲི་ཚུལ་མཐོང་བ་ཀུན་སྨོན།32lརྗེ་ཙོང་ཁ་པའི་དྲ་བ།
༡༠ འབྲིང་རིམ་སློབ་དེབ་ཀྱི་ཁ་སྐོང་ལས་ཆོས་འབྱུང་དང་རྒྱལ་རབས་དོན་བསྡུ།32lརྗེ་ཙོང་ཁ་པའི་དྲ་བ།
༡༡ བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ ༣༦༠32lརྗེ་ཙོང་ཁ་པའི་དྲ་བ།
འཁོར་བའི་རྗེས་དྲན་གྱི་དེབ་ཕྲེང་དང་པོ།32lརྗེ་ཙོང་ཁ་པའི་དྲ་བ།
༡༢ History of Tibet (S.P.Gupta, K.S. Ramachandran)32lརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K