མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།། བསེ་ཚང་དྲུག་པ་ཆེན་མོའི་སློབ་གསོའི་སྐོར་གྱི་གསུང་བཤད།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-03-19 22:55:28         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

      ༄༅།།ཞིང་ཆེན་སོ་སོའི་མཁས་དབང་ཚང་མ་ལྷན་དུ་འཛོམས་ཏེ། ང་ཚོའི་བོད་ཀྱི་མི་རིགས་སློབ་གསོའི་བྱ་བ་འདི་ལ་གྲོས་བསྡུར་གཏིང་ཟབ་མོ་བྱས་ནས་ལྷག་པར་དུ་དེང་སྐབས་ང་ཚོའི་བོད་ཀྱི་རིག་གནས་འདི་འཕེལ་རྒྱས་སུ་སོང་ཟེར་རྒྱུ་དཀའ་མོད། ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གཏོང་རྒྱུ། དེང་སྐབས་འཛམ་གླིང་ན་མཚན་སྙན་གྲགས་ཆེ་བའི་ང་ཚོའི་ལོ་རྒྱུས་ལ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་དང་ལྡན། ང་ཚོའི་མི་རིགས་འདི་ད་སྐབས་ཉི་མ་ལྟ་བུ་ཞིག་ཡིན་ན་ནུབ་ལ་ཉེ་ཡོད་པའི་སྐབས་འདིར། ང་ཚོ་རང་གི་རིག་གནས་འདི་ཡུན་རིང་བོའི་བར་དུ་དར་རྒྱུ་དང་ལྷག་པར་དུ་མི་རབས་རྗེས་མ་ལ་ང་ཚོའི་བོད་ཀྱི་རིག་གནས་འདི་བསྐལ་བ་ནས་བསྐལ་བའི་བར་དུ་མི་ཉམས་རྒྱུའི་ཕྱོགས་ལ་ང་ཚོས་བྱ་ཐབས་ཤིག་སྤེལ་ཏེ། མི་རིགས་སློབ་གསོ་དང་མི་རིགས་སྐད་ཡིག་གི་ཕྱོགས་སུ་ལག་ལེན་དང་ཐུགས་རྗེ་གནང་སྟེ་གྲུབ་འབྲས་རླབས་པོ་ཆེ་བཞག་ཡོད། ད་རུང་ཡིན་ནའང་ཕྱི་རབས་པ་འདི་ཚོའི་ཡང་དག་པའི་རིག་གནས་རླབས་པོ་ཆེ་བསྐལ་བའི་བར་དུ་མི་ཉམས་རྒྱུའི་རེ་བ་བཟུང་ཡོད། དེ་ཡིན་ན་གཙོ་བོ་ཕྱི་རབས་ཀྱི་མི་ལ་སློབ་གསོ་བྱ་རྒྱུ་འདི་གལ་ཆེན་རེད། སྔོན་མ་ཐམས་ཅད་ཚར་སོང་། འཇིག་རྒྱུ་རྣམས་འཇིག་སོང་། རྒན་པ་རྣམས་གཤེགས་སོང་། དེ་ཐམས་ཅད་འཇིག་རྟེན་གྱི་ཆོས་ཉིད་རེད། ད་གཙོ་བོ་ན་ཆུང་ཚོས་ཕྱིན་ཆད་འདིའི་བར་མི་འཆད་རྒྱུ་དང་གཞོན་ནུ་སྐྱེད་སྲིང་བྱ་རྒྱུ་ནི་གལ་ཆེན་རེད། སློབ་གསོ་ནི་གལ་ཆེན་རེད་ད་སྐབས་འདི་ལ་བཟང་ཆ་དང་ངན་ཆ་གཉིས་ཀ་ཡོད། བཟང་ཆ་ནི་བཅིངས་འགྲོལ་བྱས་པ་ནས་བཟུང་ས་གནས་གང་ཞིག་ཡིན་ནའང་ང་ཚོའི་ཏང་དང་སྲིད་གཞུང་གི་བཀའ་དྲིན་གྱི་འོག་ནས་མི་རིགས་ཀྱི་སློབ་གསོ་འདི་སྔོན་ཆད་དང་བསྡུར་ན་དར་རྒྱས་གོང་འཕེལ་དུ་སོང་ཡོད། ལྷག་པར་དུ་ང་ཚོའི་ཀན་ལྷོ་ལ་མཚོན་ན་རྫོང་ཁག་བདུན་ཡོད་པ་དེ་དག་ལས་ཕལ་ཆེ་བར་བོད་རིགས་སློབ་འབྲིང་རེ་ཡོད། ཁུལ་འདི་ཡིན་ནའང་མི་གྲངས་ཀྱི་ཆ་ནས་བཤད་ན་ཁུལ་ཆུང་ཆུང་ཞིག་རེད། འོན་ཀྱང་སློབ་གསོའི་ཐད་ནས་སློབ་ཆེན་དང་ཏང་གི་སློབ་གྲྭ། བོད་རིགས་སློབ་འབྲིང་། བོད་རིགས་སློབ་ཆུང་། གསོ་རིག་སློབ་གྲྭ་སོགས་མང་བོ་ཞིག་ཡོད་པ་གོང་རིམ་གྱིས་ཆོག་མཆན་ཐོབ་སྟེ་གཟིགས་སྐྱོང་གནང་བ་ཡིན་པས་ང་ཚོ་ཧ་ཅང་དགའ་འོས་པ་ཞིག་རེད། ཡིན་ནའང་ད་དུང་འདི་ལ་ཡིད་མུག་པའི་བྱ་བ་ཞིག་ནི། ད་སྐབས་ཀྱི་སློབ་གསོའི་འཕེལ་ཕྱོགས་དང་ཁ་ཕྱོགས་དེ་ཧ་ཅང་བརྟན་པོ་མ་རེད། འགྱུར་རྒྱུ་མང་། དེ་ཡིན་ན་ང་ཚོ་ལས་གསར་བ་ལ་ཞུགས་པར་བབ་ཆགས་བརྟན་པོ་ཡོད་དགོས། gsRརྗེ་ཙོང་ཁ་པའི་དྲ་བ།
        འདིའི་གཞི་རྩ་ནི། གཅིག་ནས་བདག་དམ་བཙན་པོ་དང་། གཉིས་ནས་དགེ་རྒན། གསུམ་ནས་སློབ་གསོའི་ཡུལ་གྱི་མི་ཚང་མ་དང་འབྲེལ་བ་ཡོད། གོང་གི་འབྲེལ་བ་དག་གི་ཕྱོགས་ལ་རྒྱབ་སྐྱོར་དང་ལག་ལེན་བྱ་རྒྱུ་དཔལ་འབྱོར་གྱི་ཐོག དཔེ་ཙམ་གྱིས་མི་ཆོག་པར་བྱ་བ་ངོ་མ་དང་དུ་ལེན་རྒྱུའི་ཕྱོགས་ལ་ད་དུང་དཀའ་ཁག་ཅུང་ཡོད། མི་ཚང་མས་ཚོགས་འདུའི་སྟེང་འུར་ཆེན་པོ་རྒྱབ་ཀྱང་གྲོང་རྗེས་ཅི་ཡང་གྲགས་རྒྱུ་གོ་རྒྱུ་མེད་པར་བྱ་བར་སྤེལ་ཏེ་ལོ་འགའ་རེ་འགོར་ཡང་ལག་ལེན་གྱི་གྲུབ་འབྲས་བཟང་བོ་ཞིག་ལོན་མི་ཐུབ། འདི་གནད་ཀྱི་གཅིག་རེད།gsRརྗེ་ཙོང་ཁ་པའི་དྲ་བ།

        གཉིས་སུ་འོག་གི་དེའི་ཕྱོགས་ཀྱི་བྱ་བ་ལས་མཁན་གྱི་དགེ་རྒན་ཞིག་ཡིན་ན་དེང་སྐབས་སྤྱི་ཚོགས་སྟེང་ན་མཚན་སྙན་དམའ་བས་གདེང་འཇོག་མི་བྱེད་པར་མང་ཚོགས་ཀྱི་ཁ་ན་དེ་དགེ་རྒན་ཙམ་འཁྱོངས་སོང་ན་ཆོག་ཅེས་ཧ་ཅང་གོ་གནས་དམའ་ས་ཞིག་ལས་མེད། ཕྱོགས་གཞན་ནས་ཨོ་དེ་དགེ་རྒན་ཞིག་རེད་ཅེས་མཐོང་ཆེན་དང་ཡིད་སྨོན་བྱེད་སའི་གནས་སུ་བརྩིས་ཡོད། ང་ཚོའི་སྤྱི་ཚོགས་ཀྱི་མི་ཚང་མར་དགེ་རྒན་ཞིག་ལས་ཞང་ཞིག་གི་ཁྲལ་བསྡུ་བའམ་སྤྱི་བདེ་མི་སྣ་སོགས་སྤྱིར་བཏང་གི་ལས་བྱེད་ཞིག་ལ་མཐོང་ཆེན་བྱེད། ཕྱོགས་གཞན་ནས་མི་ཤེས་ང་ཚོའི་ཀན་ལྷོའི་ཕྱོགས་ན་ད་དུང་དེའི་ཤན་ཤུགས་ཧ་ཅང་ཆེ། སློབ་མ་ཞིག་གིས་ཀྱང་བོད་ཡིག་བསླབ་ཀྱང་དུས་ཚོད་འཕྲོ་བརླག་རེད། ཅིའི་ཕྱིར་འཕྲོ་བརླག་རེད་ཅེ་ན། དགེ་རྒན་ཞིག་གི་བྱ་བ་ལས་མི་ལོན། དེའི་སྟབས་ཀྱིས་བོད་ཡིག་བཀོལ་ས་མེད། ལག་ལ་ཇ་ནེ་མི་ཡོང་། དཔེར་ན་ཁ་སང་དེ་རིང་བོད་ཀྱི་ལས་བྱེད་རྒན་པའི་ནང་ནའང་ངས་ཆུང་དུས་བོད་ཡིག་བསླབས་ཏེ་དུས་ཚོད་འཕྲོ་བརླགས་སུ་བཏང་བ་ཧ་ཅང་ནོར་སོང་ཞེས་འགྱོད་པ་བྱེད་མཁན་གང་མང་མང་ཡོད་པ་དེ་རེད། རྒན་པ་ཚོས་དེ་ལྟར་བསམ་ན་བྱིས་པ་ཚོར་ཅི་ཁག བྱིས་པ་ཚོས་མདུན་ལམ་ཆེ་བ་ཞིག་མི་མཐོང་རང་གི་གནད་གཅིག་པུ་མ་གཏོགས། འདི་ནི་ང་ཚོའི་མི་རིགས་སློབ་གསོ་གོང་འཕེལ་དུ་འགྲོ་མི་ཐུབ་པའི་གེགས་རྐྱེན་ཆེན་པོ་ཞིག་རེད། གེགས་རྐྱེན་འདིའི་འགག་རྩ་བཀོལ་སྤྱོད་བྱེད་མ་ཐུབ་པ་ལ་ཐུག་ཡོད།gsRརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K