མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སེར་ཤུལ་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་སློབ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-05-24 17:33:44         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

         བོད་ཟླ 8/ ཚེས16 / ༧རིན་པོ་ཆེ་ཁོང་གིས་སེར་སྐྱ་ཁྲི་བདུན་ ༼100000 ཙམ་འདུས་པའི་ཆོས་ཚོགས་ཏེ་༼གངས་རྒྱན་སྨོན་ལམ་ཆེན་མོ༽འི་ཉིན་རྗེས་མའི་སེམས་བསྐྱེད་མཆོད་པ་དང་འབྲེལ་ནས། ལུགས་གཉིས་སློབ་གསོ་དང་མང་ཚོགས་རང་འདོད་ཀྱིས་ཁས་ལེན་ཁ་ཤས་གཤམ་གསལ། Z7Aརྗེ་ཙོང་ཁ་པའི་དྲ་བ།
1. ༼ བོད་མི་ནང་ཁུལ་དུ་རྒྱག་རེས་མི་བྱེད་པའི་ཁས་ལེན། ༽ རྒྱུ་མཚན། འཛམ་གླིང་ཞི་བདེའི་རང་བཞིན་ཅན་དུ་འགྱུར་གྱིན་པའི་དུས་ཚིགས་འདིར། གྲངས་ཀ་ཉུང་ཞིང་འགལ་རྐྱེན་མང་བའི་ང་ཚོའི་མི་རིགས་ཀྱིས་ཀྱང་མ་འོངས་པའི་ཆེད་དུ་ནང་འཁྲུག་བྱེད་མི་རུང་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
2 . ༼ གྲི་སོགས་མཚོན་ཆའི་རིགས་རྒྱུན་འདོགས་མི་བྱེད་པའི་ཁས་ལེན༽ རྒྱུ་མཚན། དེང་གི་ཆར་འཛམ་གླིང་སྟེང་མི་རིགས་གཞན་པ་གང་གིས་ཀྱང་མཚོན་ཆ་རྒྱུན་འདོགས་བྱེད་མི་འདུག དེའི་ཕྱིར། ང་ཚོས་ཀྱང་འདི་ནི་རྗེས་ལུས་ཀྱི་རྣམ་པར་ཤེས་དགོས་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
3 .༼བཤས་ཉོ་བཤས་ཚོང་མི་བྱེད་པའི་ཁས་ལེན། ༽ རྒྱུ་མཚན། ང་ཚོ་ལས་རིགས་ངན་པ་འདིར་མ་ཞུགས་རུང་ཁ་གསོ་ཐབས་དང་ལུས་འཚོ་ཐབས་ཡོད་རེད། ཁྱད་པར་དུ་ཆོས་ལྡན་མི་རིགས་ཤིག་ལ་འདི་གཏན་ནས་མི་མཛེས་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
4 . ༼ རྩྭ་ས་རྩོད་གླེང་མི་བྱེད་རྒྱུའི་ཁས་ལེན༽ རྒྱུ་མཚན། ད་ལོ་འབུ་རྐོ་སྐབས་ས་ཆ་མང་བོར་མིའི་ཚེ་སྲོག་ཤོར་ཡོད་ལ། འདིའི་ཐད ༧ གོང་ས་མཆོག་ཀྱང་ཐུགས་ཕམ་ཡོད། དྲང་མོར་བཤད་ན་ང་ཚོ་བོད་འདི་ལུག་འདྲ་བོ་ཆགས་འདུག ནང་ཁུལ་ལ་རྫིག་པོ་དང་དཔའ་བོ་ཡིན། རི་སྤྱང་མཐོང་ན་མཉམ་འཇིགས་རེད་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
5 .༼ རྒྱལ་འཇོག་གི་རིགས་མི་བྱེད་པའི་ཁས་ལེན༽ རྒྱུ་མཚན། དཔེར་ན། འབྲོག་པ་ཚོར་དབྱར་རྩྭ་མ་གཏོགས་ཁ་གསོ་བྱེད་ཕལ་ཆེར་མེད། ཡིན་ཡང་། འབུ་རྐོས་རྗེས་རྐྱལ་སྟོང་འགའ་ཞིིག་གིས་རྒྱལ་འཇོག་ཁང་ནས་སྒོར་མོ་ཡོངས་བརླག་འགྲོ་བཞིན་འདུག མ་ཟད་ལོ་རེ་ནས་ལོ་རེ་བུ་ལོན་ཇེ་ཆེ་འགྲོ་ཡི་འདུག་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
6 .༼ ཆང་དང་དུ་བ། སྣ་ཐ་གསུམ་མི་འཐེན་པའི་ཁས་ལེན༽ རྒྱུ་མཚན། Z7Aརྗེ་ཙོང་ཁ་པའི་དྲ་བ།
འདི་དག་གིས་ནད་རིགས་མང་བོ་འགོས་འདུག མ་ཟད་ཆང་གིས་འཕུང་དཀྲུག་དང་། དུ་བ་དང་སྣ་ཐའི་རྒྱུ་ཆ་འབུ་སྲིན་གྱི་ཚེ་སྲོག་གྲངས་མེད་ཀྱིས་གྲུབ་པ་ཡིན་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
7 .༼ རྐུ་དང་ཇག་མི་བྱེད་པའི་ཁས་ལེན༽ རྒྱུ་མཚན། སྤྱིར་གནའ་ནས་ད་བར་ཇག་རྐུ་བྱས་ནས་ཕྱུག་པོ་ཆགས་མྱོང་མེད། ཁྱད་པར་དུ། ཁ་སང་དེ་རིང་ཟི་ལིང་དང་ཁྲིའུ་ཏུའུ་བོད་གྲོང་ནི་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཡོད། བོད་པ་ཚོས་མུ་འཐུད་དུ་བྱ་ངན་འདི་འདྲ་བྱེད་ན་ང་ཚོ་མི་རིགས་ཀྱི་མཚན་སྙན་འདི་ཚར་ངེས་རེད་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
8 .༼ ལོ་ཆུང་ཚོས་སློང་མོ་མི་བྱེད་པའི་ཁས་ལེན༽ རྒྱུ་མཚན། སྐྱེས་པ་དང་བུ་མེད་ལོ་ཉུང་། མ་ཟད་གྲྭ་བ་དང་བྱིས་པ་མང་པོ་ཞིག་གིས་ལས་ཀ་བྱེད་འདོད་དང་སློབ་སྦྱོང་བྱེད་འདོད་མེད་པར་སློང་མོའི་ལས་ལ་བརྩོན་འདུག མ་ཟད་ལོ་རེ་ནས་ལོ་རེ་ཇེ་མང་རེད། འདི་འདྲ་བྱས་ན་མ་འོངས་པར་མིZ7Aརྗེ་ཙོང་ཁ་པའི་དྲ་བ།
རིགས་འདི་ཉེན་ཁ་ཅན་དུ་གྱུར་རྒྱུ་རེད་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
9 .༼ ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཁས་ལེན།༽ རྒྱུ་མཚན། འདི་ནི་མི་རབས་རྗེས་མའི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེ་ཞིག་ཡིན། དཔེར་ན་འབུ་རྐོས་རྗེས་ས་ཕྱིར་སྣོན་པ་སོགས་ཀྱིས་མཚོན་པའི་ཁོར་ཡུག་ལ་དོ་སྣང་གནང་རོགས་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
10 . ༼ མངར་ཆུ་དང་ཞོར་ཟས་རིགས་མང་པོར་མི་སྤྱོད་པའི་ཁས་ལེན༽ རྒྱུ་མཚན། ཟས་ངན་འདི་དག་དང་ཆུ་རིགས་འདི་དག་གིས་རྒྱུ་ལྷག་དང་གཅོང་ནད། མཁྲིས་རྡོ་སོགས་ཀྱི་ནད་རིགས་མང་པོ་འཕེལ་བཞིན་འདུག གྲོང་ཁྱེར་དག་ན་འདི་སྤྱོད་མཁན་མེད་པ་རེད། འདི་ནི་རྒྱུ་ཆ་ངན་ཞིང་བཟོ་སྟངས་སྐྱོ་བའི་བཟའ་བཏུང་ཞིག་ཡིན་ལ། སྤེལ་སའང་རིག་གནས་མེད་པའི་ལུང་ཁུག་དག་ན་རེད་གསུངས། Z7Aརྗེ་ཙོང་ཁ་པའི་དྲ་བ།
   སྐབས་དེར་མགར་མུན་སེལ་ལམ་བཀྲ་ཤིས་ཆོས་ལྡན་གྱིས་ཕབ། ཚ་བ་སྤྲུལ་མིང་འཛིན་པ་ནས་དགེ་ལུགས་གསུང་ཆོས་ཀྱིས་དྲྭ་རྒྱ་ནང་དུ་འགོད་པའོ། །Z7Aརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K