མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །བོད་གངས་ཅན་ལྗོངས་ཀྱི་སྡེབ་སྦྱོར་རིག་པའི་ གཞུང་ལུགས་གཏམ་འོད་ཟེར་བརྒྱ་པ་ ཞེས་བྱ་བ་བཞུགས་སོ། །

    སྤེལ་དུས།  2014-12-08 16:44:09         ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

 ༄༅། །འདབ་བརྒྱད་གེ་སར་ཉ་རྒྱས་ཟླ་བའི་གདན་སྟེང་ན། །T2Pརྗེ་ཙོང་ཁ་པའི་དྲ་བ།

ས་འཛིན་དཀར་པོར་སྣ་ཚོགས་རྒྱན་གྱིས་སྤུད་པ་བཞིན། །
དྭངས་གསལ་ཆུ་ཤེལ་ཡེ་ཤེས་རང་བཞིན་སྐུ་མངའ་བ། །
དཔལ་ལྡན་ལྷ་མཆོག་འཇམ་དབྱངས་དཀར་པོས་དངོས་གྲུབ་སྩོལ། །
རྐང་གཉིས་སྐབས་གསུམ་སྒྲ་པ་ཐམས་ཅད་ཀྱི། །
མཁྱེན་པ་གཅིག་ཏུ་བསྡུས་པའི་གོང་བུ་ལས། །
ལེགས་འཁྲུངས་མཁས་མཆོག་ཐོན་མིའི་ཞབས་ལ་སོགས། །
དངོས་བརྒྱུད་བླ་མ་རྣམས་ལ་གུས་བཏུད་ནས། །
ས་སྟེང་ཡོངས་ལ་དོ་ཟླས་དབེན་པའི་སཱ་ལའི་སྨན་གྱི་ཡུལ་ལྗོངས་འདིའི། །
ས་སྐྱེས་རྡོ་སྐྱེས་སྐད་ལ་བརྟགས་ནས་ས་བླའང་མཚར་བྱེད་ལེགས་བཤད་ནི། །
ས་འཛིན་དཀར་པོའི་སྡེབ་སྦྱོར་རིག་པ་ས་འོག་མུན་པའང་སེལ་བྱེད་ཅིང༌། །
ས་གསུམ་གསལ་བྱེད་འོད་ཟེར་བརྒྱ་པ་ས་སྟེང་འདི་ན་འགྱེད་པར་བརྩོན། །
 
རྩོམ་སྒྲིག་པ།:
བརྒྱུད་འགོད།  
29.1K