མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅། །སྒྲ་རིག་པའི་རྣམ་གཞག

ཡོང་ཁུངས།   དྲ་རྒྱ་ལས་བཏུས།     སྤེལ་དུས།  2014-07-18 09:58:57     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

      དོན་གང་ཞིག་ཤེས་པར་འདོད་ན་ཡང་རྗོད་བྱེད་ཀྱི་ཚིག་གི་ལམ་ལ་བརྟེན་ནས་དོན་དེ་གོ་བར་བྱ་དགོས་པས།སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གྲགས་པ་ལྟར། འཇིག་རྟེན་གྱི་སྐད་རིགས་མི་འདྲ་བ་གང་དང་གང་ཡིན་རུང་ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་བརྗོད་དོན་གསལ་བར་བྱེད་པའི་རྐྱེན་རྣམ་དབྱེ་དང་ཚིག་ཕྲད་སོགས་ཀྱི་སྦྱོར་བ་ལ་བརྟེན་ནས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་ངེས་ཅན་གྱི་ཆོས་ཉིད་གཞིར་བཟུང་ནས་གཏན་ལ་ཕབ་པའི་རིག་པའི་གཞུང་ལུགས་དེ་ལ་རང་རང་གི་ལུགས་ཀྱི་སྒྲ་རིག་པའི་བསྟན་བཅོས་དང་ལུང་དུ་སྟོན་པའི་བསྟན་བཅོས་ཟེར་ཞིང༌།བོད་ཀྱི་སྐད་ཀྱི་དབང་དུ་བྱས་ན་ཐུ་མི་སཾ་བྷོ་ཊས་བརྩམས་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་སོགས་ནི་བོད་མི་རིགས་རང་ཉིད་ཀྱི་སྐད་གཞིར་བཟུང་ནས་བརྩམས་པའི་སྒྲ་རིག་པའི་བསྟན་བཅོས་ཡིན་ལ།དེ་ལྟར་ཐོག་མ་ཉིད་ནས་སྒྲ་རིག་པའམ་བརྡ་སྤྲོད་རིག་པ་ལ་བསླབ་དགོས་པ་ཡིན་ཏེ། འཇམ་དབྱངས་རྣམ་སྤྲུལ་ཐུ་མིའི་གཞུང་སུམ་ཅུ་པའི་རྩ་བ་ལས། ImBརྗེ་ཙོང་ཁ་པའི་དྲ་བ།

ImBརྗེ་ཙོང་ཁ་པའི་དྲ་བ།
བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང༌། །ImBརྗེ་ཙོང་ཁ་པའི་དྲ་བ།
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །ImBརྗེ་ཙོང་ཁ་པའི་དྲ་བ།
དེ་ཕྱིར་དང་པོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བྱེད་དེ། །ImBརྗེ་ཙོང་ཁ་པའི་དྲ་བ།
བསླབ་པ་གང་ལ་དད་པ་ཡི། །གཞུང་ཉིད་བླ་མ་དག་ལས་མཉན། །ཞེས་གསུངས་སོ།།ImBརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K