མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།སེར་ཤུལ་ཁྲི་པ་རིན་པོ་ཆེ་ལ་ཕུལ་བའི་ཀ་རྩོམ་མུ་ཏིག་ཕྲེང་བ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2015-01-28 09:33:02     རྩོམ་པ་པོ།   གཅོད་པ་དོན་གྲུབ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

ཀ་ཡེ་གངས་རི་སྟོང་གིས་བསྐོར་བའི་སྨན་ལྗོངས་སུ།།wB9རྗེ་ཙོང་ཁ་པའི་དྲ་བ།
ཁ་གྲགས་ཤེས་པའི་སྐྱེ་འགྲོ་ཁྲི་མ་འབུམ་ཕྲག་གིས།།wB9རྗེ་ཙོང་ཁ་པའི་དྲ་བ།
ག་སར་འབྲུག་བརྒྱ་ལྷན་གཅིག་ལྡིར་འདྲའི་བསྔགས་པའི་གཏམ།།wB9རྗེ་ཙོང་ཁ་པའི་དྲ་བ།
ང་ཅག་སེམས་ཀྱིས་བརྗོད་ཡུལ་ཁྲི་ཆེན་མཆོག་ལ་འདུད།།wB9རྗེ་ཙོང་ཁ་པའི་དྲ་བ།

ཅ་ཅོ་མི་གནང་བརྩེ་སེམས་རྣམ་དག་གཤིས་རྒྱུད་དུ།།wB9རྗེ་ཙོང་ཁ་པའི་དྲ་བ།
ཆ་ལུགས་མཛེས་ཆོས་མ་སྤྲས་འདོད་ཆུང་ཆོག་ཤེས་ཀྱིས།།wB9རྗེ་ཙོང་ཁ་པའི་དྲ་བ།
ཇ་དང་ཟས་རིགས་ངན་ངོན་གང་མཆིས་དེར་བརྟེན་ཞིང་།།wB9རྗེ་ཙོང་ཁ་པའི་དྲ་བ།
ཉ་མོ་འཁྱུག་འགྲོས་དཔེ་བཞིན་སངས་རྒྱས་བསྟན་པ་བསྐྱངས།།wB9རྗེ་ཙོང་ཁ་པའི་དྲ་བ།

ཏྰ་རེ་ཉེར་གཅིག་ནམ་རྒྱུན་མཆོད་པའི་ཡུལ་ལ་བཀུར།།wB9རྗེ་ཙོང་ཁ་པའི་དྲ་བ།
ཐ་མའི་སྤྱོད་ངན་མི་མངོན་རྒྱང་རིང་གནས་ལ་བསྲིངས།།wB9རྗེ་ཙོང་ཁ་པའི་དྲ་བ།
ད་ལྟ་ལྷག་བསམ་དཀར་པོའི་གཞན་ཕན་བསྒྲུབས་པའི་འབྲས།།wB9རྗེ་ཙོང་ཁ་པའི་དྲ་བ།
ན་བཟའ་མནབས་པའི་སྐྱེས་མཆོག་ཀུན་གྱིས་ལྷང་ངེར་གླེང་།།wB9རྗེ་ཙོང་ཁ་པའི་དྲ་བ།

པ་ཏྲ་རི་མོ་བསྣོལ་ལྟར་རང་སེམས་འགྱུར་མེད་བརྟན་པོ་ཡིས།།wB9རྗེ་ཙོང་ཁ་པའི་དྲ་བ།
ཕ་མེས་ཡང་མེས་བཞག་པའི་བཅུ་ཕྲག་རིག་པའི་གནས།།wB9རྗེ་ཙོང་ཁ་པའི་དྲ་བ།
བ་གླང་ལས་ལ་འཇུག་ལྟར་སྐྱོང་བའི་སྙིང་སྟོབས་མཚར།།wB9རྗེ་ཙོང་ཁ་པའི་དྲ་བ།
མ་ཡུམ་ཇི་ལྟར་འགྲོ་ཀུན་གཞར་ཡང་ཡིད་ལ་བཅངས།།wB9རྗེ་ཙོང་ཁ་པའི་དྲ་བ།

ཙ་རི་གནས་སྐོར་བགྲོད་པའི་མི་ཕྱེད་སྤོབས་སེམས་ཀྱིས།།wB9རྗེ་ཙོང་ཁ་པའི་དྲ་བ།
ཚ་གྲང་དཀའ་བ་ཆེན་པོའི་ཡུལ་ཁམས་གྲངས་བྲལ་འགྲིམས།།wB9རྗེ་ཙོང་ཁ་པའི་དྲ་བ།
ཛ་ཡའི་གསུང་རབ་རིན་ཆེན་མུ་ཏིག་བརྡལ་བར་མཛད།།wB9རྗེ་ཙོང་ཁ་པའི་དྲ་བ།
ཝ་ལེར་བསམ་ཚེ་དད་པའི་སྤུ་ལོང་དབང་མེད་གཡོ།།wB9རྗེ་ཙོང་ཁ་པའི་དྲ་བ།

ཞ་བོ་ལ་སོགས་དབང་ལྔ་སྐྱོན་ཅན་མ་ལུས་པར།།wB9རྗེ་ཙོང་ཁ་པའི་དྲ་བ།
ཟ་མ་གང་ཞིམ་བྱམས་བརྩེ་ཆེན་པོས་སྦྱིན་གཏོང་དང་།།wB9རྗེ་ཙོང་ཁ་པའི་དྲ་བ།
འ་ཅག་ཡོངས་ལ་མ་དཔེ་གསོན་པོ་གཟུགས་སུ་མངོན།།wB9རྗེ་ཙོང་ཁ་པའི་དྲ་བ།
ཡ་རབས་རྒྱུད་ལ་ངེས་པའི་ཐེག་མཆོག་སྤྱོད་བཟང་མཐོང་།།wB9རྗེ་ཙོང་ཁ་པའི་དྲ་བ།

ར་གན་གསེར་ལ་བརྫུས་ནས་ལོག་བཤད་གང་རིགས་དེ།།wB9རྗེ་ཙོང་ཁ་པའི་དྲ་བ།
ལ་ལུང་ཕུག་ཏུ་འདེད་བཞིན་ལེགས་ཉེས་བླང་དོར་འབྱེད།།wB9རྗེ་ཙོང་ཁ་པའི་དྲ་བ།
ཤ་བོ་དང་བཅས་སྲོག་ཆགས་རང་གི་སྤྱན་བཞིན་སྲུང་།།་ wB9རྗེ་ཙོང་ཁ་པའི་དྲ་བ།
ས་གཞི་ཆེན་པོར་མཁྱེན་བརྩེ་ནུས་པའི་སྙན་པ་འཕུར།།wB9རྗེ་ཙོང་ཁ་པའི་དྲ་བ།

ཧ་ཅང་བརྩེ་བས་ཁེངས་པའི་སྐྱབས་གནས་ཁྲི་པ་མཆོག།wB9རྗེ་ཙོང་ཁ་པའི་དྲ་བ།
ཧ་ཧ་ཀུ་རེ་མིན་པར་ཁོ་བོའི་སྙིང་ཁོང་ལས།།wB9རྗེ་ཙོང་ཁ་པའི་དྲ་བ།
ཨ་ཀ་བསོད་ནམས་བཟང་བོའི་མཐུ་ལས་གྲུབ་པར་སེམས།།wB9རྗེ་ཙོང་ཁ་པའི་དྲ་བ།
ཨ་ཁ་འདི་ལྟར་བརྗོད་ན་འགྲིག་མིན་མཁས་པས་དཔྱོད།།wB9རྗེ་ཙོང་ཁ་པའི་དྲ་བ།

སྤྱི་ལོ༢༠༡༢ལོའི་ཟླ༡༢པའི་ཚེས༡༤ཉིན་གྱི་དགོང་མོར་ཐོལ་བྱུང་དུ་སྦྱར་བ་དགེའོ།།wB9རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K