མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།

༄༅།།པཎ་ཆེན་སྐུ་ཕྲེང་བཞི་པའི་གསུང་ལས་ཆོས་བརྒྱད་འགོ་སྙོམས་ཀྱི་གསུང་མགུར་བཞུགས་སོ།།

    སྤེལ་དུས།  2017-04-13 11:03:37     རྩོམ་པ་པོ།   པཎ་ཆེན་སྐུ་ཕྲེང་བཞི་པ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

QQ截图20170413111159.jpgf9Vརྗེ་ཙོང་ཁ་པའི་དྲ་བ།

རྗེ་གསུམ་ལྡན་བླ་མ་རྡོ་རྗེ་འཛིན།།f9Vརྗེ་ཙོང་ཁ་པའི་དྲ་བ།

མི་བདག་སྙིང་པདྨོའི་དབུས་བཞུགས་ལ།།f9Vརྗེ་ཙོང་ཁ་པའི་དྲ་བ།

དགྲ་ཆོས་བརྒྱད་སྣང་ཞེན་བཀྲག་པོ་ཆེ།།f9Vརྗེ་ཙོང་ཁ་པའི་དྲ་བ།

འདི་རྩད་ནས་ཐོན་པར་བྱིན་གྱིས་རློབས།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཚེ་རིང་དུ་གནས་ན་རྣམ་དཀར་གྱི།།f9Vརྗེ་ཙོང་ཁ་པའི་དྲ་བ།

ལམ་བཟང་པོ་སྒྲུབ་བོ་ཤི་ཡང་བདེ།།f9Vརྗེ་ཙོང་ཁ་པའི་དྲ་བ།

ལས་བག་ཆགས་བཟང་པོའི་ངང་དུ་འཆི།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཨ་ལ་ལ་གསོན་ཤི་སེམས་ལ་སྙོམས།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད།།f9Vརྗེ་ཙོང་ཁ་པའི་དྲ་བ།

དཔལ་ཕུན་ཚོགས་འབྱོར་ན་མཆོད་སྦྱིན་གྱིས།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཚོགས་གསོག་གོ་དབུལ་པོར་གྱུར་ཀྱང་སླ།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཆུད་ཟོས་དོགས་སེར་སྣའི་སྡུག་བསྔལ་མེད།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཨ་ལ་ལ་འབྱོར་རྒུད་སེམས་ལ་སྙོམས།།f9Vརྗེ་ཙོང་ཁ་པའི་དྲ་བ།

ནོར་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཡོངས་ཀུན་གྱིས་བསྟོད་ཅིང་སྙན་གྲགས་ན།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཡིད་མི་བདེ་མེད་དོ་སྨད་ཀྱང་སླ།།f9Vརྗེ་ཙོང་ཁ་པའི་དྲ་བ།

སྒྲ་གྲག་སྟོང་སྒྱུ་མའི་བསླུ་བྲིད་ཡིན།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཨ་ལ་ལ་བསྟོད་སྨད་སེམས་ལ་སྙོམས།།f9Vརྗེ་ཙོང་ཁ་པའི་དྲ་བ།

སྙན་གྲགས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད།།f9Vརྗེ་ཙོང་ཁ་པའི་དྲ་བ།

ད་ལུས་སེམས་བདེ་ན་དཀོན་མཆོག་གི།f9Vརྗེ་ཙོང་ཁ་པའི་དྲ་བ།

དྲིན་ཡིན་ནོ་སྡུག་བསྔལ་གྱུར་ཀྱང་སླ།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཡིད་ངེས་འབྱུང་སྙིང་རྗེ་ངང་གིས་འཕེལ།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཨ་ལ་ལ་བདེ་སྡུག་སེམས་ལ་སྙོམས།།f9Vརྗེ་ཙོང་ཁ་པའི་དྲ་བ།

སྐྱིད་འདོད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད།།f9Vརྗེ་ཙོང་ཁ་པའི་དྲ་བ།

སྲོག་འཚོ་འཆི་འབྱོར་རྒུད་བདེ་སྡུག་དང་།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཡོངས་བསྟོད་སྨད་སྙན་དང་མི་སྙན་སོགས།།f9Vརྗེ་ཙོང་ཁ་པའི་དྲ་བ།

གང་བྱུང་ཡང་བླ་མའི་བྱིན་རླབས་ཡིན།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཨ་ལ་ལ་ཅི་བྱས་གློ་བ་དགའ།།f9Vརྗེ་ཙོང་ཁ་པའི་དྲ་བ།

རེ་དོགས་ཀུན་ཇི་ལྟར་དགྱེས་དགྱེས་མཛོད།།f9Vརྗེ་ཙོང་ཁ་པའི་དྲ་བ།

དཔལ་ཞི་བ་ལྷ་དང་མར་མེ་མཛད།།f9Vརྗེ་ཙོང་ཁ་པའི་དྲ་བ།

རྗེ་རྒྱལ་བ་གཉིས་པ་ལས་འོངས་པ།།f9Vརྗེ་ཙོང་ཁ་པའི་དྲ་བ།

དུག་བདུད་རྩིར་བསྒྱུར་བའི་གདམས་པ་ཡིས།།f9Vརྗེ་ཙོང་ཁ་པའི་དྲ་བ།

ཨ་ལ་ལ་ལྟས་ངན་གཡང་དུ་ལེན།། f9Vརྗེ་ཙོང་ཁ་པའི་དྲ་བ།

རྐྱེན་ངན་ཀུན་ཇི་ལྟར་དགྱེས་དགྱེས་མཛོད།།f9Vརྗེ་ཙོང་ཁ་པའི་དྲ་བ།


f9Vརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K