མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཞིབ་འཇུག / གཞན་དག / ནང་དོན་དངོས།

༄༅།།གཏན་བདེའི་གཞི་རྩ་རིགས་ཀྱི་སྤྱི་ཁོག་གསལ་བྱེད་སྐལ་བཟང་འཇུག་སྒོ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-02-29 10:10:23     རྩོམ་པ་པོ།   བཀྲིས་ལྷུན་དཀའ་ཆེན་བློ་བཟང་ཉི་མ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

NG1རྗེ་ཙོང་ཁ་པའི་དྲ་བ།
དངོས་བརྒྱུད་བླ་མ་རྣམས་ལ་གུས་བཏུད་ནས།།NG1རྗེ་ཙོང་ཁ་པའི་དྲ་བ།
གང་ཞིག་སྦྱངས་ན་སངས་རྒྱས་ཉིད་གྱུར་རིགས།།NG1རྗེ་ཙོང་ཁ་པའི་དྲ་བ།
ཡོན་ཏན་ཀུན་གྱི་གོ་འབྱེད་ཆོས་དབྱིངས་ཁམས།།NG1རྗེ་ཙོང་ཁ་པའི་དྲ་བ།
བདེ་གཤེགས་སྙིང་པོའི་རྣམ་གཞག་མདོ་ཙམ་བརྗོད།།NG1རྗེ་ཙོང་ཁ་པའི་དྲ་བ།

        དེ་ལ་འདིར་རིགས་ཀྱི་རྣམ་གཞག་མདོར་བསྡུས་ཙམ་ཞིག་འཆད་པ་ལ།༡རིགས་ཤེས་པའི་དགོས་པ། ༢རིགས་མ་ཤེས་པའི་སྐྱོན། ༣རིགས་ཤེས་བྱེད་ཀྱི་ཁུངས། ༤རིགས་སྒྲུབ་བྱེད་ཀྱི་རིགས་པ།༥རིགས་ཀྱི་ངོ་བོ། ༦རིགས་ཀྱི་དབྱེ་བ། ༧རིགས་ཀྱི་མཚན་གཞི། ༨རིགས་ཀྱི་དཔེ། ༩རིགས་ཀྱི་སྒྲ་བཤད།༡༠རིགས་ཀྱི་མིང་གི་རྣམ་གྲངས། ༡༡རིགས་སད་པ་ལ་བར་དུ་གཅོད་པའི་ཉེས་དམིགས། ༡༢རིགས་སད་པའི་ཕན་ཡོན།༡༣རིགས་སད་པར་བྱེད་པའི་ཐབས། ༡༤རིགས་སད་པའི་རྟགས། ༡༥རིགས་ནས་ཇི་ལྟར་འཁྲིད་ཚུལ། ༡༦རིགས་ཀྱི་ས་མཚམས།༡༧ནང་པའི་གྲུབ་མཐའ་བཞི་སོ་སོའི་རིགས་འདོད་ཚུལ། ༡༨བོད་ཀྱི་ཆོས་བརྒྱུད་ཁག་གི་རིགས་འདོད་ཚུལ་ཅུང་ཟད་བཤད་པ་བཅས་དོན་ཚན་༡༨ཡོད་པ་ལས།NG1རྗེ་ཙོང་ཁ་པའི་དྲ་བ།

9.jpgNG1རྗེ་ཙོང་ཁ་པའི་དྲ་བ།

        དང་པོ་(རིགས་ཤེས་པའི་དགོས་པ)ནི།མནར་མེད་པ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བླ་ན་མེད་པའི་མཐར་ཐུག་གི་བདེ་སྐྱིད་ཀྱི་ཐོན་ཁུངས་ཏེ་སངས་རྒྱས་ཀྱི་རིགས་ཡོད་པར་ཤེས་ན་ཐོན་ཁུངས་དེ་བེད་སྤྱད་ནས་དེ་ལ་དམིགས་ཏེ་སྒོམ་པས་མཐར་ཐུག་གི་བདེ་སྐྱིད་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བའི་ཕྱིར།NG1རྗེ་ཙོང་ཁ་པའི་དྲ་བ།
        གཉིས་པ་(རིགས་མ་ཤེས་པའི་སྐྱོན)ནི།དཔེར་ན། མི་དབུལ་པོས་ཐབ་རྡོ་གསེར་ལ་བཅོལ་ཡང་དེ་ཧ་མ་གོ་ན་དབུལ་པོ་སོ་ན་གནས་པ་དང་། རང་གི་ཁྱིམ་གྱི་ས་འོག་ན་རིན་པོ་ཆེ་མི་ཟད་པའི་གཏེར་ཡོད་ཀྱང་དེ་མ་ཤེས་ན་གཏེར་དེས་མི་དེའི་དབུལ་བ་སེལ་མི་ནུས་པ་ལྟར་སེམས་ཅན་རྣམས་ཀྱི་རང་རྒྱུད་ཀྱི་རིན་པོ་ཆེའི་གཏེར་དང་འདྲ་བའི་རང་བཞིན་ལ་དྲི་མ་མ་ཞུགས་ཤིང་།སྐྱོན་ཐམས་ཅད་དང་བྲལ་རུང་དང་ཡོན་ཏན་ཐམས་ཅད་ཐོབ་རུང་གི་ཁམས་བདེ་གཤེགས་སྙིང་པོ་སེམས་ཀྱི་ཆོས་ཉིད་དེ་མ་རྟོགས་པ་ལ་བརྟེན་ནས་འཕགས་པའི་ཡོན་ཏན་གྱིས་དབུལ་ཞིང་འཕོངས་པས་སྡུག་བསྔལ་རྣམ་མང་རྒྱུན་དུ་མྱོང་དགོས་པ་དེ་བྱུང་བའི་ཕྱིར།NG1རྗེ་ཙོང་ཁ་པའི་དྲ་བ།
        གསུམ་པ་(རིགས་ཤེས་བྱེད་ཀྱི་ཁུངས)ནི།ཡུམ་བར་མ་ཉི་ཁྲི་ལས། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན།བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པའི་དམིགས་པ་མ་ཡིན་ཏེ། རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པའོ།།ཞེས་སོགས་དང་། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའོ།།ཞེས་སོགས་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ།།ཞེས་དང་། འཕགས་པ་དཔལ་ཕྲེང་གི་མདོ་ལས། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པའི་སྙིང་བོ་མ་མཆིས་ན་ནི་སྡུག་བསྔལ་ལ་ཡང་སྐྱོ་བར་མི་འགྱུར་ན།མྱ་ངན་ལས་འདས་པ་ལ་འདོད་པ་དང་། འདུན་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་ཡང་མེད་པར་འགྱུར་རོ།།ཞེས་སོགས་གསུངས་ལ། གཞན་ཡང་མང་ངོ་། །NG1རྗེ་ཙོང་ཁ་པའི་དྲ་བ།
        བཞི་པ་(རིགས་སྒྲུབ་བྱེད་ཀྱི་རིགས་པ)ནི།སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་ཡོད་པའི་སེམས་ཀྱི་ཆོས་ཉིད་ཆོས་ཅན། སངས་རྒྱས་ཀྱི་རིགས་ཡིན་ཏེ།རང་ཉིད་ལ་དམིགས་ཏེ་སྒོམ་པས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དང་། གློ་བུར་གྱི་དྲི་མ་མཐའ་དག་རིམ་གྱིས་སྦྱངས་ནས་ངོ་བོ་ཉིད་སྐུར་འགྱུར་རུང་ཡིན་པའི་ཕྱིར།སེམས་ཅན་ཐམས་ཅད་ཆོས་ཅན། རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཏེ། རང་རྒྱུད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུའི་འཕྲིན་ལས་འཕྲོ་ཞིང་འཇུག་པའི་ཕྱིར་དང་།སེམས་ཅན་དང་སངས་རྒྱས་ཀྱི་སེམས་ཀྱི་གནས་ལུགས་དེ་བཞིན་ཉིད་ལ་ངོ་བོ་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་དང་།སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་སྐུའི་ངོ་བོར་འགྱུར་རུང་གི་རིགས་སམ་ཁམས་ཡོད་པའི་ཕྱིར།NG1རྗེ་ཙོང་ཁ་པའི་དྲ་བ།
        ལྔ་པ་(རིགས་ཀྱི་ངོ་བོ)ནི། སངས་རྒྱས་ཀྱི་སྐུར་འགྱུར་རུང་གི་ཆོས།སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད།NG1རྗེ་ཙོང་ཁ་པའི་དྲ་བ།
        དྲུག་པ་(རིགས་ཀྱི་དབྱེ་བ)ནི། སངས་རྒྱས་ཀྱི་རིགས་ལ་དབྱེ་ན།རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་སུ་ཡོད། རང་གི་རྟེན་ཆོས་སུ་གྱུར་པའི་སངས་རྒྱས་རུང་གི་ཆོས་ཀྱི་ཆོས་ཉིད་གང་ཞིགངོ་བོ་ཉིད་སྐུར་འགྱུར་རུང་དེ།རང་བཞིན་གནས་རིགས་ཀྱི་མཚན་ཉིད། འདུས་བྱས་ཀྱི་སངས་རྒྱས་ཀྱི་སྐུར་འགྱུར་རུང་། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད།NG1རྗེ་ཙོང་ཁ་པའི་དྲ་བ།
        བདུན་པ་(རིགས་ཀྱི་མཚན་གཞི)ནི། རིམ་པ་ལྟར་སེམས་ཅན་རྣམས་ཀྱི་རྒྱུད་ཀྱི་ཡོན་ཏན་སྐྱེ་རུང་དང་།སྒྲིབ་པ་སྤང་རུང་གི་སེམས་ཀྱི་ཆོས་ཉིད་དང་། དེ་འདྲའི་སེམས་ལྟ་བུ།བརྒྱད་པ་(རིགས་ཀྱི་དཔེ)ནི།སེམས་ཅན་རྣམས་ཀྱི་སེམས་བདེན་གྲུབ་ཀྱིས་སྟོང་བའི་ཆོས་ཉིད་རང་བཞིན་གནས་རིགས་ནི། དཔེ་ནམ་མཁའ་དང་འདྲ་སྟེ།ནམ་མཁས་གཟུགས་ཅན་ཀུན་གྱི་གོ་འབྱེད་པ་ལྟར་སེམས་ཅན་གྱི་སེམས་བདེན་གྲུབ་ཀྱིས་སྟོང་པས་སྤངས་རྟོགས་ཀྱི་ཡོན་ཏན་གོང་མ་ཐམས་ཅད་སྐྱེ་བའི་གོ་འབྱེད་ལ།གལ་ཏེ་ནམ་མཁའ་མེད་ན་གཟུགས་ཅན་ཀུན་མི་གནས་པ་ལྟར་སེམས་ཅན་གྱི་སེམས་བདེན་པར་གྲུབ་ན་ཡོན་ཏན་གོང་མ་སྐྱེ་བའི་གོ་མི་འབྱེད་པས་སངས་རྒྱས་ཀྱི་སྟོབས་སོགས་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་སེམས་རང་བཞིན་གྱིས་འོད་གསལ་བ་དང་།སྒྲིབ་གཉིས་ཀྱི་དྲི་མ་མཐའ་དག་གློ་བུར་བར་གྲུབ་བོ། །དཔེ་གཞན་ཡང་མང་ངོ་།།NG1རྗེ་ཙོང་ཁ་པའི་དྲ་བ།

10.jpgNG1རྗེ་ཙོང་ཁ་པའི་དྲ་བ།

        དགུ་པ་(རིགས་ཀྱི་སྒྲ་བཤད)ནི།རིགས་ཀྱི་སྐད་དོད་གོ་ཏྲའི་གུ་ཎ་བྱས་པས་ཡོན་ཏན་དང་། ཏྲ་ཏཱ་ར་བྱས་པས་སྒྲོལ་བ་སྟེ། ཡོན་ཏན་སྒྲོལ་བའམ་འབྱུང་བས་ན་རིགས་ཞེས་བྱའོ།།NG1རྗེ་ཙོང་ཁ་པའི་དྲ་བ།
        བཅུ་པ་(རིགས་ཀྱི་མིང་གི་རྣམ་གྲངས)ནི། རིགས་དང་། གཞི་དང་། སྟོན་པ་དང་། རྒྱུ་དང་། རྟེན་དང་།ཉེར་གནས་དང་། སྔོན་དུ་འགྲོ་བ་དང་། གནས་དང་། ས་བོན་དང་། ཁམས་དང་རང་བཞིན་ཞེས་བྱའོ། །དེ་ཡང་རིམ་པ་བཞིན་དུ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་འབྱུང་གནས་ཡིན་པས་རིགས།འབྲས་བུ་ངེས་པར་འཛིན་པས་གཞི། འབྲས་བུའམ་གནས་པའི་རྒྱུན་འབྱུང་བར་བྱེད་པས་སྟོན་པ། འབྲས་བུ་འཕེལ་བར་བྱེད་པས་རྒྱུ།འབྲས་བུའི་དུས་ནའང་འཇུག་པས་རྟེན། རིམ་གྱིས་འབྱུང་བར་བྱེད་པས་ཉེར་གནས། འབྲས་བུའི་སྔོན་དུ་འགྲོ་བས་སྔོན་དུ་འགྲོ་བ།འབྲས་བུ་གནས་པ་དེར་འགྲོ་བས་གནས། འབྱུང་བའི་རྒྱུ་མཚན་ཡིན་པས་ས་བོན། རང་དང་རྗེས་སུ་མཐུན་པའི་འབྲས་བུ་འཛིན་པས་ཁམས།བཅོས་མ་མིན་པས་རང་བཞིན་ཞེས་བྱའོ། །NG1རྗེ་ཙོང་ཁ་པའི་དྲ་བ།
        བཅུ་གཅིག་པ་(རིགས་སད་པ་ལ་བར་དུ་གཅོད་པའི་ཉེས་དམིགས)ནི།ཉིན་མོངས་པ་གོམས་པ་ཤས་ཆེ་བ་དང་། གྲོགས་ངན་པ་སྡིག་གྲོགས་ཀྱིས་ཟིན་པ་དང་། ཆོས་སྒྲུབ་པའི་མཐུན་རྐྱེན་ཡོ་བྱད་ཀྱིས་ཕོངས་ནས་སྒྲུབ་མི་ནུས་པ་དང་།ཆོས་བྱེད་པ་ལ་རང་དབང་དུ་མི་འགྱུར་བར་རྒྱལ་པོ་ལ་སོགས་པའི་གཞན་དབང་དུ་སོང་བ་དང་བཞི་ཡོད་པའི་ཕྱིར།སངས་རྒྱས་ཀྱི་རིགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་ཡོད་ཀྱང་ད་དུང་འཁོར་བ་ལས་མ་གྲོལ་བ་ནི།ཆོས་བྱེད་པའི་གོ་སྐབས་མེད་པའི་མི་ཁོམ་པའི་གནས་སུ་སྐྱེས་པ་དང་འདོད་ཡོན་ལ་ཞེན་ཅིང་ཆགས་པས་སྒོ་གསུམ་ཉེས་སྤྱོད་ལ་མི་འཛེམ་པའི་བག་མེད་དང་།ལས་འབྲས་དང་སྐྱེ་བ་སྔ་ཕྱི་བདེན་བཞི་བླང་དོར་སྐྱབས་གསུམ་སོགས་མེད་པར་ལྟ་བའི་ལོག་པར་ཞུགས་པ་དང་།གླེན་ལྐུག་སོགས་རྣམ་སྨིན་གྱི་སྒྲིབ་པ་དང་། མཚམས་མེད་བྱས་པ་སོགས་ལས་ཀྱི་སྒྲིབ་པ་དང་།ཉོན་མོངས་པ་ཤས་ཆེ་བ་སྟེ་སྒྲིབ་པའི་ཉེས་པ་དེ་དག་ཡོད་པའི་དབང་གིས་ཡིན་ནོ། །NG1རྗེ་ཙོང་ཁ་པའི་དྲ་བ།
        བཅུ་གཉིས་པ་(རིགས་སད་པའི་ཕན་ཡོན)ནི། བྱང་ཆུབ་ལ་དམིགས་པའི་བློ་ཤིན་ཏུ་བརྟན་པར་འགྱུར་བ་དང་།བརྩོན་འགྲུས་ལྷག་པར་འཕེལ་ཏེ་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་པ་དང་། ངན་སོང་ལས་མྱུར་དུ་ཐར་བ་སོགས་ཀྱི་ཕན་ཡོན་ཁྱད་པར་ཅན་ཡོད་པའི་ཕྱིར།NG1རྗེ་ཙོང་ཁ་པའི་དྲ་བ།
        བཅུ་གསུམ་པ་(རིགས་སད་པའི་ཐབས)ནི།དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་།ལྷག་པར་སྐྱབས་འགྲོ་ཚུལ་བཞིན་དུ་བྱས་པས་རིགས་སད་པར་འགྱུར་ཏེ། རིགས་སད་པ་གསག་སྦྱང་གི་ཁྱད་པར་དུ་བྱས་པར་གསུངས་པས་དེ་ལྟར་བྱས་པས་གསག་སྦྱང་ཚུལ་བཞིན་དུ་བྱས་པར་འགྱུར་བའི་ཕྱིར།NG1རྗེ་ཙོང་ཁ་པའི་དྲ་བ།
        བཅུ་བཞི་བ་(རིགས་སད་པའི་རྟགས)ནི།གང་ཟག་གང་ལ་འཁོར་བའི་ཉེས་དམིགས་དང་། དེ་དང་བྲལ་བའི་ཐར་པའི་ཕན་ཡོན་ཐོས་པ་ན་ལུས་ཀྱི་བ་སྤུ་ལྡང་བ་དང་མིག་ནས་མཆི་མ་འཁྲུགས་པ་ལ་སོགས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་དང་ལྡན་པ་མཐོང་བ་ལས།གང་ཟག་དེ་ཉིད་ཐེག་དམན་གྱི་རིགས་སད་པར་ཤེས་ནུས། ཡང་དགྲ་གཉེན་བར་མ་གསུམ་གྱི་སེམས་ཅན་སུ་འདྲ་ཞིག་ཡིན་རུང་སྡུག་བསྔལ་གྱི་མནར་བ་མཐོང་བ་ན་མི་བཟོད་པའི་སྙིང་རྗེ་ཆེན་པོ་ངང་གིས་སྐྱེ་བ་དང་།སོ་སོའི་སྐྱེ་བོ་ལས་དང་པོ་བའི་དུས་ནའང་ཟབ་མོ་སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་ལ་བརྟེན་ནས་ལུས་ཀྱི་བ་སྤུ་ལྡང་བ་དང་མིག་མཆི་མས་བརླན་པ་ལ་སོགས་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་དང་ལྡན་པའི་རྟགས་མཚན་ལས་གང་ཟག་གཞན་གྱི་ངོར་གང་ཟག་དེ་ཉིད་ཐེག་པ་ཆེན་པོའི་རིགས་སད་པར་དཔོག་ནུས་སོ།།NG1རྗེ་ཙོང་ཁ་པའི་དྲ་བ།
        བཅོ་ལྔ་བ་(རིགས་ནས་ཇི་ལྟར་འཁྲིད་པའི་ཚུལ)ནི།ཐོག་མར་རྒྱལ་པོ་འཆར་བྱེད་ལ་བཙུན་མོ་སྔོ་བསངས་མ་ཤི་བ་བློན་པོ་མཁས་པས་ཤུ་བས་ན་ཚུལ་རིམ་གྱིས་བརྗོད་ནས་བརྡ་སྤྲད་པ་ལྟར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས་བསྟན་ནས་ཐེག་དམན་གྱི་རིགས་སད་པ་རྣམས་ལ་ཐེག་དམན་གྱི་སྡེ་སྣོད་བསྟན་པའི་སྒོ་ནས་ཐེག་དམན་གྱི་ལམ་ལ་འཁྲིད་པར་བྱེད།ཐེག་ཆེན་གྱི་རིགས་སད་པ་རྣམས་ལ་ཐེག་ཆེན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་དགོངས་འགྲེལ་དང་བཅས་པ་བསྟན་ནས་ཐེག་ཆེན་གྱི་ལམ་ལ་འཁྲིད་པར་བྱ་བ་ཡིན་པའི་ཕྱིར།NG1རྗེ་ཙོང་ཁ་པའི་དྲ་བ།
        བཅུ་དྲུག་པ་(སངས་རྒྱས་ཀྱི་རིགས་ཀྱི་ས་མཚམས)ནི།ལམ་མ་ཞུགས་ནས་རྒྱུན་མཐའི་བར་དུ་ཡོད། དེ་ཡང་། སངས་རྒྱས་ཀྱི་རིགས་དེ་སེམས་ཅན་ཁོ་ནའི་རྒྱུད་ལ་བཞག་གི་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མེད་དེ།སེམས་ཀྱི་ཆོས་ཉིད་གློ་བུར་གྱི་དྲི་མ་དང་བཅས་པའི་གནས་སྐབས་ན་སངས་རྒྱས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ།དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཚེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞེས་བྱ་ཡི་སངས་རྒྱས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་མི་བྱའོ།།NG1རྗེ་ཙོང་ཁ་པའི་དྲ་བ།
བཅུ་བདུན་པ་(ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་པོ་སོ་སོའི་རིགས་ཀྱི་འདོད་ཚུལ)ནི།༡བྱེ་སྨྲས།རང་གི་འབྲས་བུར་གྱུར་བའི་འཕགས་ལམ་གྱི་རྒྱུར་གྱུར་པའི་སེམས་བྱུང་མ་ཆགས་པའི་རང་བཞིན་གྱི་དགེ་བ་དེ།འཕགས་པའི་རིགས་ཀྱི་ངོ་བོ་དང་། དེ་ལ་དབྱེ་ན། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་པའི་རིགས།བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་པའི་རིགས། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་པའི་རིགས།སྤོང་བ་དང་སྒོམ་པ་ལ་དགའ་བའི་འཕགས་པའི་རིགས་དང་བཞིར་འདོད་དོ། །འདི་དག་ཀྱང་དང་པོ་ཆོག་ཤེས་གསུམ་ནི།བདག་གིར་བྱེད་རྒྱུའི་ཟས་གོས་གནས་མལ་གསུམ་ལ་ཆགས་པ་དུས་རེ་ཞིག་ཞི་བྱེད་ལམ་སྒྲུབ་པའི་ཚུལ་ལམ་ཐབས་དང་།ཐ་མ་སྡུག་ཀུན་སྤོང་པ་དང་ལམ་སྒོམ་པ་ལ་དགའ་བ་ནི། བདག་དང་བདག་གིར་བྱེད་རྒྱུ་ལ་ཆགས་པ་དུས་གཏན་དུ་ཞི་བྱེད་ཡིན་པས་ན་ཐར་པ་སྒྲུབ་པའི་ལས་དངོས་ཡིན་པས་དེ་བཞི་འཕགས་ལམ་མ་ཐོབ་པ་ཐོབ་བྱེད་དང་།ཐོབ་ཟིན་མཐར་ཕྱིན་བྱེད་ཡིན་པས་འཕགས་པའི་རིགས་སམ་རྒྱུར་བཞག་པ་ཡིན།NG1རྗེ་ཙོང་ཁ་པའི་དྲ་བ།

11.jpgNG1རྗེ་ཙོང་ཁ་པའི་དྲ་བ།

        འདི་ནི་ཉམས་ལེན་ཐམས་ཅད་ཀྱི་གནད་དང་།གསུང་རབ་ཐམས་ཅད་ཀྱི་དགོངས་དོན་བསྡུས་པའི་སྡོམ་ཆེན་པོ་ཡིན་པར་གསུངས་ཏེ། འཁོར་བ་ལས་མི་ཐར་པའི་རྩ་བ་ཟས་གོས་གནས་མལ་ལ་ཆགས་ཤིང་ཞེན་པ་དེ་ཡིན་ལ།དེའི་གཉེན་པོར་སྐྱེས་བུ་ཆུང་ངུའི་ལམ་ཚེ་འདིའི་སྣང་ཤས་ལྡོག་པ་ནས་སོ་ཐར་གྱི་བཅས་པ་ཇི་སྙེད་ཅིག་གསུངས་པ་རྣམས་དང་པོ་གསུམ་དང་།སྡོམ་པ་གོང་མ་གཉིས་དང་སྐྱེས་བུ་འབྲིང་གི་བདེན་བཞི་མི་རྟག་སོགས་རྟོགས་པའི་ལམ་དང་། སྐྱེས་བུ་ཆེན་པོའི་སྙིང་རྗེ་ཆེན་པོ་ནས་རྣམ་མཁྱེན་གྱི་བར་གྱི་ལམ་ཇི་སྙེད་ཅིག་བསྟན་པ་རྣམས་བཞི་བའི་ནང་དུ་འདུ་བའི་ཕྱིར་རོ།།NG1རྗེ་ཙོང་ཁ་པའི་དྲ་བ།
        དེས་ན་ཉོན་མོངས་སྤངས་པའི་ཐར་པ་ཐོབ་པ་ལ། དེ་ཐོབ་བྱེད་ཀྱི་ཐབས་བདེན་པ་མངོན་སུམ་དུ་གསར་དུ་མཐོང་བ་དང་མཐོང་ཟིན་གོམས་པར་བྱེད་དགོས།དེ་ལ་ཐོག་མར་སེམས་རྣམ་པར་མི་གཡེང་ཞིང་ཕུན་སུམ་ཚོགས་པའི་རྒྱུར་ལུས་ངག་གི་སྒོ་མི་མཐུན་ཕྱོགས་ལས་སྡོམ་པའི་སོ་ཐར་རིགས་བརྒྱད་གང་རུང་གི་སྡོམ་པ་སོགས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་བདེན་པའི་དོན་ལ་མི་རྨོངས་པའི་རྒྱུར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་བདེན་པ་མཐོང་བ་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཉན་ཏེ་ཐོས་བྱུང་གི་ཤེས་རབ་བསྐྱེད།དེ་ནས་ཐོས་དོན་ལ་ཕྱིན་ཅི་མ་ལོག་པར་སེམས་པར་བྱེད་པས་བསམ་བྱུང་གི་ཤེས་རབ་བསྐྱེད་ཅིང་།དེ་ལྟར་ཐོས་བསམ་གྱི་ཤེས་རབ་དང་ལྡན་པས་ཉོན་མོངས་སྤོང་བའི་རྒྱུར་བདེན་པའི་དོན་སྒོམ་པ་ལ་ཡང་དག་པར་རབ་ཏུ་སྦྱོར་དགོས།དེ་ཡང་ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་ཐག་བསྲིངས་པའི་བསྲིང་པ་གཉིས་ལྡན་གྱི་གང་ཟག་ཅིག་གིས་སྒོམ་པ་ཡོངས་སུ་རྫོགས་པར་ནུས་ཀྱི་བསྲིང་པ་གཉིས་དང་མི་ལྡན་པས་དེ་ལྟར་མི་ནུས་སོ།།བསྲིང་པ་གཉིས་ནི། འདོད་པ་ཆུང་བ་དང་། ཆོག་ཤེས་པ་ལ་འབྱུང་གི་ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ལ་མ་ཡིན་ནོ།།འོ་ན། ཆོག་མི་ཤེས་པ་དང་འདོད་ཆེན་ཅན་ནི་ཇི་ལྟ་བུ་ཞེ་ན། ཟས་ནོར་སོགས་ངན་ཉུང་རྙེད་པས་ཡིད་མི་བདེ་ཞིང་མ་ཚིམ་པའམ་ཟས་ནོར་སོགས་གང་ཙམ་པ་རེ་རྙེད་པ་ན་དེས་ཡིད་མི་ཚིམ་ཞིང་དེ་ལས་བཟང་མང་འདོད་ཅིང་སྲེད་ཞེན་ཆེ་བ་ནི།ཆོག་མི་ཤེས་པ་དང་། ཟས་ནོར་སོགས་བཟང་མང་མ་རྙེད་པ་ལ་འདོད་ཞེན་ཆེ་བའམ་སྔོན་མ་རྙེད་པའི་ཟས་ནོར་སོགས་ལ་འདོད་ཞེན་ཆེ་བ་ནི།འདོད་ཆེན་ཅན་ཡིན། དེ་གཉིས་ལས་ལྡོག་པ་གཉིས་ནི། རིམ་བཞིན་ཆོག་ཤེས་པ་དང་། འདོད་ཆུང་ཅན་ཡིན་ནོ།།བྱེ་སྨྲའི་རིགས་ཀྱི་རྣམ་གཞག་འདི་རང་ཅག་ལས་དང་པོ་བ་རྣམ་ལ་ཤིན་ཏུ་མཁོ་བས་ཉུང་གསལ་བྱས་སོ།།༢མདོ་སྡེ་པས། སེམས་ཅན་གྱི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་ཀྱི་སྟེང་གི་ཟག་མེད་སེམས་ཀྱི་ས་བོན་དེ།རིགས་ཀྱི་ངོ་བོར་འདོད་ཅིང་། ཉན་ཐོས་སྡེ་གཉིས་ཀྱིས་རིགས་ཙམ་ལས་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཀྱི་ཐ་སྙད་མི་འདོད་དོ།།༣སེམས་ཙམ་པས། ཀུན་གཞིའམ་སེམས་ཅན་གྱི་རྒྱུད་ཀྱི་སྐྱེ་མཆེད་དྲུག་ཅི་རིགས་ཀྱི་སྟེང་གི་བྱང་ཆུབ་ཏུ་འགྱུར་རུང་གི་ནུས་པའམ་ས་བོན་དེ།རིགས་ཀྱི་ངོ་བོར་འདོད། དབྱེ་ན། ཐོས་སོགས་ཀྱིས་གསོས་མ་བཏབ་པའི་ཆ་བཞག་གི་རང་བཞིན་གནས་རིགས་དང་།དེས་གསོས་བཏབ་པའི་རྒྱས་འགྱུར་གྱི་རིགས་གཉིས་སུ་ཡོད། རང་བཞིན་གནས་རིགས་དང་། ཐོས་པའི་བག་ཆགས་གཉིས་རྣམ་གྲངས་དང་།རྒྱས་རིགས་དང་། རྐྱེན་གྱིས་ཡང་དག་པར་བླངས་པའི་རིགས་གཉིས་རྣམ་གྲངས་ཡིན། ཐེག་པ་གསུམ་གྱི་ངེས་པའི་རིགས་དང་།མ་ངེས་པའི་རིགས། རིགས་ཆད་ཀྱང་འདོད་དོ། །ཉན་ཐོས་སྡེ་གཉིས་དང་སེམས་ཙམ་པས། རིགས་འདུས་བྱས་སུ་འདོད་ཅིང་།འོན་ཀྱང་རིགས་འདུས་མ་བྱས་ཆོས་ཉིད་དུ་འདོད་པའི་སེམས་ཙམ་པའང་ཡོད། འདིའི་ལུགས་ཀྱི་རིགས་ཀྱི་རྣམ་གཞག་དོན་ཚན་དགུའི་སྒོ་ནས་རྒྱས་པར་མདོ་སྡེ་རྒྱན་ལས་བཤད་པ་ལས་ཤེས་པར་བྱའོ།།༤དབུ་མ་པའི་རིགས་ཀྱི་འདོད་ཚུལ་ནི། གོང་གི་དོན་ཚན་དང་པོ་བཅུ་དྲུག་གི་སྐབས་སུ་བཤད་པ་ལྟར་ཡིན།རྒྱས་པར་ཕར་ཕྱིན་གྱི་གཞུང་ཁག་དང་། རྒྱུད་བླ་མ་ལས། རྣམ་གཞག་བཅུས་སེམས་ཀྱི་རང་བཞིན་འོད་གསལ་བ་དང་།དཔེ་དོན་སོ་དྲུག་གིས་དྲི་མ་གློ་བུར་བར་བསྟན་པ་ལས་ཤེས་པར་བྱའོ། །NG1རྗེ་ཙོང་ཁ་པའི་དྲ་བ།

12.jpgNG1རྗེ་ཙོང་ཁ་པའི་དྲ་བ།

        བཅོ་བརྒྱད་པ་(བོད་ཀྱི་རྙིང་བཀའ་ས་དགེའི་ལུགས་ཀྱི་རིགས་འདོད་ཚུལ)ནི།༡རྙིང་མ་བས།དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་ནི། རང་བཞིན་གནས་རིགས་ཀྱི་ངོ་བོར་བཞེད་ལ།དེ་ཡང་རང་གི་ངོ་བོ་ལ་དྲི་མ་ཡེ་ནས་མེད་ཅིང་། སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་རང་ཆས་སུ་ཡེ་ནས་ལྡན་པའི་བདེ་གཤེགས་སྙིང་པོ་དེ།ད་ལྟ་ནས་འཆིང་བ་ཀུན་ལྡན་གྱི་ཐ་མལ་པ་ཀུན་ལ་ཡོད་པ། ཕྱིས་ལམ་བསྒོམས་སྟོབས་ཀྱིས་གསལ་བའམ།འཕྲོ་བ་འམ། མངོན་དུ་གྱུར་པ་ལ་སངས་རྒྱས་ཞེས་བརྗོད་པར་བཞེད་དོ། །༢བཀའ་བརྒྱུད་པས། སྣང་སྟོང་ཟུང་འཇུག་གི་རང་བཞིན་གྲུབ་མཐའ་དང་གཉེན་པོ་སོགས་རྐྱེན་གང་གིས་ཀྱང་མ་བཅོས་པའི་ཐ་མལ་གྱི་གཉུག་མའི་བསལ་བཞག་དང་བྲལ་བའི་སེམས་ཀྱི་གནས་ལུགས་དེ།བདེ་གཤེགས་སྙིང་པོའི་ངོ་བོར་བཞེད་ལ། དེ་ལྟ་བུ་དེ་ཟུང་འཇུག་གི་རང་བཞིན་མངོན་སུམ་དུ་རྟོགས་པ་དང་མ་རྟོགས་པའི་ཁྱད་པར་ཙམ་མ་གཏོགས་སྔོན་སོ་སྐྱེའི་དུས་དང་།ཕྱིས་འཕགས་པའི་དུས་ཀྱི་དེ་གཉིས་ལ་བཟང་ངན་གྱི་ཁྱད་པར་ཅུང་ཟད་ཀྱང་མེད་ཅིང་། གཞིའི་གནས་སྐབས་སུའང་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ནས་ལྷུན་གྲུབ་ཏུ་བཞེད་དོ།།༣ས་སྐྱ་བས། དུས་ཐོག་མེད་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་མ་ཆད་པ། ཐབས་ཤེས་ཀྱིས་ཟིན་མ་ཟིན་ལས་འཆིང་གྲོལ་གྱི་གཞིར་གྱུར་པའི་རིག་སྟོང་ཟུང་འཇུག་གམ་སྣང་སྟོང་ཟུང་འཇུག་ཅིག་བདེ་གཤེགས་སྙིང་པོའི་ངོ་བོར་བཞེད་ལ།རང་བཞིན་གནས་རིགས་ཡིན་ན་བདེ་གཤེགས་སྙིང་པོ་ཡིན་པས་ཁྱབ་ཀྱང་། བདེ་གཤེགས་སྙིང་པོ་ནི་འབྲས་དུས་སུའང་ཡོད་པས་དེ་ལ་རང་བཞིན་གནས་རིགས་ཀྱིས་མ་ཁྱབ་པར་བཞེད་དོ།།དགེ་ལྡན་པའི་རིགས་ཀྱི་འདོད་ཚུལ་ནི། གོང་དུ་དོན་ཚན་བཅུ་དྲུག་གིས་བཤད་པ་ལྟར་ཡིན་ནོ།།NG1རྗེ་ཙོང་ཁ་པའི་དྲ་བ།

13.jpgNG1རྗེ་ཙོང་ཁ་པའི་དྲ་བ།

འདི་ལ་ནོངས་པའི་ཚོགས་མཆིས་ན།།NG1རྗེ་ཙོང་ཁ་པའི་དྲ་བ།
གཟུར་གནས་མཁས་ལ་སྙིང་ནས་བཤགས།།NG1རྗེ་ཙོང་ཁ་པའི་དྲ་བ།
ཅུང་ཟད་འབད་ལས་ཐོབ་པའི་དགེ།NG1རྗེ་ཙོང་ཁ་པའི་དྲ་བ།
འགྲོ་ཀུན་ཆོས་སྐུ་ཐོབ་ཕྱིར་བསྔའོ།།NG1རྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K