མདུན་ངོས་སུ་བསྐྱོད། |   ཉར་ཚགས་བྱེད། |   མདུན་ངོས་སུ་བཀོད། |  རྒྱ་ཡིག་གི་དྲ་ངོས།
མདུན་ངོས། / ཞིབ་འཇུག / གཞན་དག / ནང་དོན་དངོས།

༄༅། །སེམས་ཙམ་པའི་རིགས་ཀྱི་རྣམ་གཞག་གླེང་བའི་གཏམ།

ཡོང་ཁུངས།   ངེད་དྲ་བ།     སྤེལ་དུས།  2016-02-29 10:30:17     རྩོམ་པ་པོ།   དགེ་བཤེས་དཀོན་མཆོག་ནོར་བུ།    ཀློག་ཐེངས།  
ཡིག་གཟུགས་ཇེ་ཆེར་གཏོང་། ཡིག་གཟུགས་ཇེ་ཆུང་གཏོང་།

        རིགས་ཀྱི་ཐ་སྙད་འཇུག་ཚུལ་སྤྱིར་བཤད་པ།QEAརྗེ་ཙོང་ཁ་པའི་དྲ་བ།
        དེ་ལ་ད་རེ་འདིར་གང་འཆད་པར་བྱ་བ་ནི།གྲུབ་མཐའ་སོ་སོའི་བཞེད་ཚུལ་མི་ནོར་བའི་ཆེད་དུ་རིགས་སམ་ཁམས་ཀྱི་རྣམ་གཞག་སྤྱི་ཙམ་ཞིག་མདོར་བསྡུས་ཏེ་བསྟན་པ་དང་།བྱེ་བྲག་ཏུ་སྐབས་སུ་བབས་པ་རྣམ་རིག་སྨྲ་བའི་རིགས་ཀྱི་སྐོར་ཅུང་རྒྱས་པར་འཆད་རྒྱུ་ཡིན།སྤྱིར་ན་རིགས་ཞེས་པ་སྐབས་བབས་ཀྱི་གོ་ས་མི་འདྲ་ས་མང་པོ་ཞིག་ཡོད། དཔེར་ན། ( སློབ་དཔོན་དབྱིག་གཉེན་གྱིས ) མཛོད་ (བསྟན་འགྱུར་གུ་ངུ)ལས། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ལ་རིགས་སུ་འཇོག་པ་དང་།ཡང་། གཉིས་སློབ་རིགས་ལས་ལྡོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་ཐེག་པ་རང་རང་གི་ལམ་ལ་རིགས་ཀྱི་ཐ་སྙད་སྦྱར་བ་དང་། ( སློབ་དཔོན་ཟླ་བ་གྲགས་པས ) འཇུག་པ་ (བསྟན་འགྱུར་འ་པ)ལས། །འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །ཞེས་དང་། ( སློབ་དཔོན་ཞི་བ་ལྷས ) སྤྱོད་འཇུག་ (བསྟན་འགྱུར་ལ་པ)ལས། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །ཞེས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་རིགས་ཞེས་ཐ་སྙད་མཛད་པ་ལྟ་བུ་རེད།ཉན་ཐོས་སྡེ་པའི་ལུགས་ཀྱི་རིགས་ཀྱི་རྣམ་གཞགQEAརྗེ་ཙོང་ཁ་པའི་དྲ་བ།

21.jpgQEAརྗེ་ཙོང་ཁ་པའི་དྲ་བ།

        འོ་ན་ཉན་ཐོས་སྡེ་པའི་ལུགས་ལ་རིགས་ཞེས་པ་ཅི་འདྲ་ཞིག་ལ་འདོད་ཅེ་ན།འདུལ་བ་ལས། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས།སྤོང་བ་དང་སྒོམ་པ་ལ་དགའ་བའི་འཕགས་པའི་རིགས་བཞི་བཀའ་སྩལ། བཞི་པོ་འདིས་ཅི་བསྟན་ཅེ་ན། ( སློབ་དཔོན་དབྱིག་གཉེན) མཛོད་( གུ་ངུ་) ལས།མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར།།བདག་གིས་བདག་འཛིན་དངོས་འདོད་ན། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་གསུངས་པ་ལྟར། འཕགས་པའི་རིགས་དང་པོ་གསུམ་གྱིས་ཆོས་གོས་སོགས་བདག་གི་བའི་དངོས་པོ་ལ་སྲེད་པའམ་ཆགས་པ་རེ་ཞིག་ཞི་བར་བྱེད་པའི་ལམ་སྒྲུབ་པའི་ཚུལ་ལམ་ཐབས་དང་།བཞི་པས་བདག་དང་བདག་གི་བ་གཉིས་ཀ་ལ་སྲེད་པ་གཏན་ཏུ་ཞི་བར་བྱེད་པའི་ལམ་དངོས་བསྟན་ཏོ། །དེ་ཡང་བདག་ཅག་གི་སྟོན་པས་རང་གི་སློབ་མ་རྣམས་ལ་ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་འཐོབ་བོ་ཞེས་བཀའ་སྩལ།རིགས་ཀྱི་ངོ་བོ་ནི་སེམས་བྱུང་མ་ཆགས་པའི་རང་བཞིན་ལ་འཇོག་ཅིང་། འདི་ལས་འཕགས་པའི་རྟོགས་པ་སྐྱེས་བའི་རྒྱུ་བྱེད་པའི་ཆ་ནས་འཕགས་པའི་རིགས་ཞེས་ཟེར་རོ།།རྣམ་གཞག་འདི་ཉན་ཐོས་སྡེ་གཉིས་ཀས་ཐུན་མོང་བའི་འདོད་པ་ཡིན་ཡང་། ( སློབ་དཔོན་རྒྱལ་བའི་སྲས་ཀྱིས་) འགྲེལ་པ་རྒྱལ་སྲས་མ་(བསྟན་འགྱུར་ཤི་པ་) ལས། མདོ་སྡེ་པ་དག་གིས་རིགས་ཞེས་བྱ་བ་འདི་ནི་སེམས་ཀྱི་ས་བོན་གྱི་ནུས་པ་ཡིན་ཏེ།སོ་སོ་སྐྱེ་བོ་དང་སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ།།ཞེས་གསུངས་པ་ལྟར་ན་ཡིད་ཤེས་ཀྱི་སྟེང་ན་ཡོད་པ། འཕགས་ཆོས་བསྐྱེད་པའི་ནུས་པ་ཞིག་ལ་རིགས་ཞེས་བཞེད་པ་འདྲའོ།།དབུ་མ་པའི་ལུགས་ཀྱི་རིགས་ཀྱི་རྣམ་གཞག་ནི། གཙོ་བོ་རྒྱུད་བླ་མའི་དགོངས་པ་ལྟར་བྱེད་པ་ཡིན་པས་བསལ་བཞག་དང་བྲལ་བའི་ཆོས་ཉིད་ལ་རིགས་སུ་བཤད་དོ།།དེ་ཡང་( འཕགས་པ་ཐོགས་མེད་ཀྱི) ཀུན་བཏུས་( བསྟན་འགྱུར་ལི་པ ) སུ། ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན།ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟར་དེ་ལ་དམིགས་པས་ཡོན་ཏན་སྐྱེད་པ་ཙམ་ལ་རིགས་སུ་འཇོག་གོ།QEAརྗེ་ཙོང་ཁ་པའི་དྲ་བ།
        རིགས་སུ་འགྱུར་ཚུལ་ནི། སེམས་ཀྱི་རང་བཞིན་གཤིས་ལ་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེ་རྟོགས་པ་ན་ཐ་སྙད་དུ་སྒྱུ་མ་ལྟ་བུའི་འཛིན་པ་མཐའ་དག་ཞི་བར་འགྱུར་ཞིང་སྒྱུ་མ་ལྟ་བུའི་གཉེན་པོ་མཐའ་དག་སྐྱེ་བར་འགྱུར་བས་རང་བཞིན་དུ་གནས་པའི་རིགས་སོ་ཞེས་ཟེར།གཉིས་པ་སྐབས་སུ་བབས་པ་རྣམ་རིགས་པའི་ལུགས་ཀྱི་རིགས་ཀྱི་སྐོར་འཆད་པ་ལ། སློབ་དཔོན་འཕགས་པ་ཐོགས་མེད་ཞབས་ཀྱིས་རྒྱལ་བ་མ་ཕམ་པའི་འབྱེད་རྣམ་གཉིས་དང་།མདོ་སྡེ་རྒྱན་རྣམ་རིག་པའི་ལུགས་དང་མཐུན་པ་དང་། མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་དབུ་མ་པའི་ལུགས་སུ་བཀྲལ་བས་སློབ་དཔོན་ཁོང་རང་དབུ་མ་པ་ཡིན་པ་གྲགས་ཆེ།འོན་ཀྱང་སློབ་དཔོན་ཁོང་རང་དོན་ལ་གང་ཡིན་ཡང་སེམས་ཙམ་པའམ་རྣམ་རིག་པའི་གྲུབ་མཐའི་སྲོལ་ཐོག་མར་འབྱེད་པ་པོ་ནི་ཁོང་ཉིད་ཡིན་པ་ཡོངས་སུ་གྲགས་ལ།དེས་ན་རྣམ་རིག་པའི་རིགས་ཀྱི་སྐོར་འདི་ཡང་རྗེ་བཙུན་གྱི་མདོ་སྡེ་རྒྱན་གྱི་དགོངས་པ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་བྱང་ས་དང་ཉན་ས་ལས་བཀྲལ་བ་བཞིན་དུ་འཆད་རྒྱུ་ཡིན།དེ་ཡང་དཔལ་འཕྲེང་སེང་གེ་ང་རོའི་མདོ་( འཕགས་པ་དཀོན་བརྩེགས་ཀྱི་མདོ་ཆ་པ ) ལས། རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།།ཞེས་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པ་ནི། སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རིགས་ཀྱིས་ཁྱབ་པའི་དོན་ཡིན་ལ།རིགས་ཞེས་པའང་སེམས་ཅན་ཀུན་ལ་ཉེས་སྐྱོན་ཟད་རུང་དང་ཡོན་ཏན་རྫོགས་རུང་གི་ས་བོན་ནམ་ནུས་པ་ཞིག་ཡོད་པ་ལ་གོ་དགོས།འོ་ན་དེ་ལྟ་བུའི་རིགས་དེ་རྣམ་རིག་པས་ཇི་འདྲ་ཞིག་ལ་ངོས་འཛིན་བྱེད་ཅེ་ན།དེ་ནི་( རྗེ་བཙུན་བྱམས་མགོན་གྱིས) བསྟན་འགྱུར་པི་པ) མདོ་སྡེ་རྒྱན་ལས། ཡོད་དང་མཆོག་དང་མཚན་ཉིད་དང་།།རྟགས་དང་རིགས་རབ་དབྱེ་བ་དང་། །ཉེས་དམིགས་དང་ནི་ཕན་ཡོན་དང་། །དཔེ་རྣམ་གཉིས་ཏེ་རྣམ་པ་བཞི།།གསུངས་པ་ལྟར། ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་ཡོད་པའི་སྒྲུབ་བྱེད། དེ་ཐེག་དམན་གྱི་རིགས་ལས་མཆོག་ཏུ་སྒྲུབ་པ།རིགས་ཀྱི་ངོ་བོ། ཐེག་ཆེན་གྱི་རིགས་སད་པའི་རྟགས། རིགས་ཀྱི་དབྱེ་བ། རིགས་སད་པ་ལ་བར་དུ་གཅོད་པའི་ཉེས་དམིགས།ཐེག་ཆེན་གྱི་རིགས་སད་པའི་ཕན་ཡོན། རང་བཞིན་གནས་རིགས་མཚོན་བྱེད་ཀྱི་དཔེ། རྒྱས་གྱུར་གྱི་རིགས་མཚོན་བྱེད་ཀྱི་དཔེ་དང་བཅས་སྡེ་ཚན་དགུའི་སྒོ་ནས་བཤད་ན་གོ་བདེ་བས་དེ་ལྟར་འཆད་རྒྱུ་ཡིན།དང་པོ་ལ། རིགས་དེ་ལ་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་རིགས་ཞེས་ཐེག་པ་གསུམ་གྱི་རིགས་མི་འདྲ་བ་གསུམ་འབྱུང་།དེ་ཡོད་པའི་རྒྱུ་མཚན་ལ། མདོ་སྡེ་རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་།།འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་དུ་ངེས་པར་བརྗོད། །ཅེས་ལམ་དུ་མ་ཞུགས་པའི་གནས་སྐབས་སུ་རྒྱུ་ཁམས་མི་འདྲ་བ་གསུམ།ལམ་དུ་ཞུགས་མ་ཐག་ཏུ་རྐྱེན་མོས་པ་མི་འདྲ་བ་གསུམ། ལམ་ཉམས་སུ་ལེན་པའི་ཚེ་སྒྲུབ་པ་མི་འདྲ་བ་གསུམ།དེའི་དབང་གི་འབྲས་སུ་བྱང་ཆུབ་མི་འདྲ་བ་གསུམ་འབྱུང་བས་ཐེག་པ་གསུམ་གྱི་རིགས་མི་འདྲ་བ་གསུམ་དུ་འགྱུར་ཚུལ་གསུངས་སོ།།དེ་ཡང་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་ལྟར་ན། ཐེག་པ་གསུམ་གྱི་རིགས་ཅན་རྣམས་ལ་ཐེག་པ་དེ་དང་དེའི་ལམ་འབྲས་བསྟན་ན་རང་རང་གི་ཟག་མེད་ཡེ་ཤེས་ཀྱི་ས་བོན་ངོ་བོ་གོང་འཕེལ་དུ་འགྱུར་ལ།དེ་ལ་ཐེག་པ་གཞན་གྱི་ལམ་འབྲས་བསྟན་ན་ས་བོན་དེ་ཉིད་བཅོས་སུ་མི་རུང་བས་དོན་དམ་པར་རང་བཞིན་གྱིས་རིགས་སོ་སོར་ངེས་པར་གསུངས་པས།སེམས་ཅན་དེ་རྣམས་ཀྱི་རྒྱུད་ལ་ཁམས་མི་འདྲ་བ་གསུམ། དེའི་དབང་གིས་ཐོབ་བྱའི་འབྲས་བུ་ལ་མོས་པ་མི་འདྲ་བ་གསུམ་ཡོད།དེ་ལ་བརྟེན་ནས་ལམ་ལ་སློབ་པའི་གནས་སྐབས་སུའང་ཐབས་ཤེས་མཆོག་དམན་གྱི་སྒྲུབ་པ་མི་འདྲ་བ་གསུམ།དེ་ལྟར་རང་རང་གི་ཐབས་ཤེས་ཀྱི་སྒྲུབ་པ་མི་འདྲ་བ་རེ་ཉམས་སུ་བླངས་པ་ལས་མཐར་ཐུག་གི་འབྲས་བུ་བྱང་ཆུབ་མི་འདྲ་བ་གསུམ་བྱུང་བར་འདོད་དོ།།QEAརྗེ་ཙོང་ཁ་པའི་དྲ་བ།

22.jpgQEAརྗེ་ཙོང་ཁ་པའི་དྲ་བ།

        གཉིས་པ་ཐེག་ཆེན་གྱི་རིགས་དེ་ཐེག་དམན་གྱི་རིགས་ལས་མཆོག་ཏུ་སྒྲུབ་ཚུལ་ནི།QEAརྗེ་ཙོང་ཁ་པའི་དྲ་བ།
        དེ་ཉིད་ལས། དེ་དགེ་ཁྱད་པར་འཕགས་པ་དང་།།ཐམས་ཅད་དང་ནི་དོན་ཆེན་དང་། །མི་ཟད་པ་ཡི་རྒྱུ་མཚན་ཕྱིར། །རིགས་མཆོག་ཉིད་ཅེས་བརྗོད་པ་ཡིན།།ཞེས་ཐེག་ཆེན་གྱི་རིགས་སད་པ་སྟེ་བརྟེན་པ་དེའི་དགེ་བ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱོང་བར་བྱེད་པ་དང་།ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པ། དོན་ཆེན་པོ་རང་འབྲས་ཚོགས་གཉིས་མཐར་ཕྱིན་པའི་བྱང་ཆུབ་ཀྱི་རྒྱུ་བྱེད་པ།ལྷག་མེད་མྱང་འདས་ཐོབ་པ་ན་དགེ་རྩའི་རྒྱུན་ཟད་པ་མེད་པ་བཅས་ཁྱད་ཆོས་དེ་དག་གི་སྒོ་ནས་ཐེག་དམན་གྱི་རིགས་ལས་མཆོག་ཏུ་གསུངས་སོ།།( འཕགས་པ་ཐོགས་མེད་ཀྱིས) བྱང་ས་( བསྟན་འགྱུར་ཞི་པ) ལས། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྣམ་པ་བཞིས་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཁྱད་པར་དུ་འཕགས་པར་རིག་པར་སྟེ།བཞི་གང་ཞེ་ན། དབང་པོ་ལས་གྱུར་པ་དང་། སྒྲུབ་པ་ལས་གྱུར་པ་དང་། མཁས་པ་ལས་གྱུར་པ་དང་། འབྲས་བུ་ལས་གྱུར་པའོ།།ཞེས་རིགས་ལ་གནས་པའི་བྱང་སེམས་ཁྱད་ཆོས་བཞིའི་སྒོ་ནས་གཞན་ལས་ཁྱད་པར་དུ་འཕགས་ཚུལ་ཡང་གསུངས།QEAརྗེ་ཙོང་ཁ་པའི་དྲ་བ།
        གསུམ་པ་རིགས་ཀྱི་ངོ་བོ་བཤད་པ་ལ།རྣམ་རིག་པའི་ལུགས་ལ་སྤྱིར་རིགས་ཞེས་པ་ནི། སེམས་ཀྱི་རང་བཞིན་འོད་གསལ་བ་དེ་གཤིས་ལ་རང་གི་ངོ་བོས་གྲུབ་ཅིང་།དྲི་མ་གློ་བུར་བ་ཡིན་པས་གཉེན་པོས་འབྲལ་དུ་རུང་ལ། གཉེན་པོའི་སྟོབས་ཀྱིས་དྲི་མ་ཅི་ཙམ་གྱིས་དྲི་བྲལ་དུ་སོང་བ་ན་ཡོན་ཏན་མ་ལུས་པ་བསྐྱེད་པར་འགྱུར་བའི་ཟག་མེད་ཡེ་ཤེས་ཀྱི་སེམས་ཀྱི་ས་བོན་ཞིག་ལ་འཇོག་སྟེ། ( འཕགས་པ་ཐོགས་མེད་ཀྱིས ) ཉན་ས་ལས། དེ་ལ་རིགས་གང་ཞེ་ན།སྨྲས་པ། རིགས་ལ་གནས་པའི་གང་ཟག་གི་ས་བོན་གྱི་ཆོས་གང་ཡིན་པ་སྟེ། གང་ཡོད་ཅིང་མེད་པ་མ་ཡིན་ལ་རིགས་ལ་གནས་པའི་གང་ཟག་རྣམས་ཀྱི་རྐྱེན་ཡང་རྙེད་ན།མྱ་ངན་ལས་འདས་པ་ཐོབ་པ་དང་། རེག་པར་ནུས་ཤིང་མཐུ་ཡོད་པར་འགྱུར་བའོ། །ཞེས་དང་། དེ་བཞིན་དུ་བྱང་ས་ལས་ཀྱང་།འདི་ལ་བྱང་ཆུབ་སེམས་དཔའ་ནི་རིགས་ལ་བརྟེན་ཅིང་གནས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སྐལ་བ་ཅན་དུ་འགྱུར་ཞིང་།མཐུ་ཡོད་པར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་རིགས་ནི་སྐལ་བ་དང་ལྡན་པའི་གཞི་ཞེས་བྱའོ།།ཞེས་གསུངས་ཤིང་། ཁམས་དང་། ས་བོན་དང་། རིགས་ཞེས་པ་རྣམ་གྲངས་ཙམ་དུ་མ་ཟད། བྱང་ས་ལས། རིགས་དེ་ནི་གཞི་ཞེས་ཀྱང་བྱ་སྟོན་པ་དང་རྒྱུ་དང་རྟེན་དང་ཉེར་གནས་དང་།སྔོན་དུ་འགྲོ་བ་དང་། གནས་ཞེས་ཀྱང་བྱའོ་ཞེས་མིང་གི་རྣམ་གྲངས་དུ་མ་ཞིག་བསྟན་ཏོ། །QEAརྗེ་ཙོང་ཁ་པའི་དྲ་བ།
        དབྱེ་བ་ལ་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང་། །དེ་ནི་རྟེན་དང་བརྟེན་པ་དང་།།ཡོད་མེད་ཉིད་དང་ཡོན་ཏན་ནི། །སྒྲོལ་བའི་དོན་དུ་ཤེས་པར་བྱ། །ཞེས་རང་བཞིན་ལ་གནས་པ་དང་།ཡང་དག་པར་བསྒྲུབས་པ་དང་། གནས་ཀྱི་རང་བཞིན་དང་། གནས་པའི་རང་བཞིན་དང་བཞི་བསྟན་ནས། རང་བཞིན་གནས་རིགས་རྟེན་དང་།རྒྱས་འགྱུར་གྱི་རིགས་དེ་ལ་བརྟེན་པ་དང་། དེ་གཉིས་སློབ་ལམ་ན་ཡོད་ཅིང་སངས་རྒྱས་ཀྱི་ས་ན་མེད་པའི་ངོ་བོ་དང་ལྡན་པ་གསུངས་ལ།བསྡུ་ན་སྔ་མ་གཉིས་སུའང་འདུས་ཏེ། བྱང་ས་ལས། དེ་ལ་རིགས་གང་ཞེ་ན། མདོར་བསྡུ་ན་རྣམ་པ་གཉིས་ཏེ།རང་བཞིན་གྱིས་གནས་པ་དང་ཡང་དག་པར་བསྒྲུབས་པའོ། །ཞེས་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་བཤད་དོ།།རིགས་དེ་གཉིས་ཟག་མེད་ཡེ་ཤེས་ཀྱི་ས་བོན་ལ་འདོད་པ་འདྲ་ཡང་། ཟག་མེད་ཡེ་ཤེས་ཀྱི་ས་བོན་ཙམ་ལ་རིགས་གཉིས་པོ་གང་ཡིན་པའི་ངེས་པ་མེད་དོ།།དེས་ན་ལུགས་འདི་ལ་རིགས་ཞེས་པ་འདུས་བྱས་ཁོ་ན་ལ་འདོད་དེ། དོན་གསང་ལས། ཡོངས་སུ་གྲུབ་པ་ཡང་རྣམ་པ་གཉིས་ཏེ།རྟག་པ་དང་མི་རྟག་པའོ་ཞེས་དང་། མི་རྟག་པ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་།ས་བོན་གྱི་བདག་ཉིད་དོ། །ཞེས་དང་། ས་བོན་གྱི་བདག་ཉིད་ཀྱང་རང་བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབས་པ་དང་རྣམ་པ་གཉིས་ཏེ།ཞེས་དང་། གོང་དུ་དྲངས་པའི་དཔལ་འཕྲེང་སེང་གེ་ང་རོའི་མདོ་ལས་ཀྱང་རང་བཞིན་གནས་རིགས་ཀུན་གཞིའི་སྟེང་གི་ཟག་མེད་སྐྱེད་པའི་ནུས་པ་ལ་འཇོག་སྟེ་འདུས་བྱས་སོ།།དེ་བཞིན་དུ་( འཕགས་པ་ཐོགས་མེད་ཀྱིས་ ) ཐེག་བསྡུས་( བསྟན་འགྱུར་ལི་པ) ཀྱང་། དེ་ལ་ཐོས་པའི་བག་ཆགས་ཀྱི་ས་བོན་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་ཆོས་ཀྱི་སྐུའི་ས་བོན་དུ་བལྟ་སྟེ།ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ་ཡིན་པས་ཀུན་གཞི་རྣམ་པར་ཤེས་པའི་ངོ་བོ་མ་ཡིན་པ་དང་།ཞེས་གཞི་ལ་འོ་ཆུ་བཞིན་ལྷན་ཅིག་གནས་པ་དེ་ཇི་ཙམ་འཕེལ་བ་དེ་ཙམ་གྱིས་ངང་པས་ཆུ་ལས་འོ་མ་འཐུང་བ་ལྟ་བུར་ས་བོན་རྣམས་ཟད་ནས་གནས་འགྱུར་བར་བཤད་དེ་འདིས་ཀྱང་མི་རྟག་པར་གསུངས་སོ།།QEAརྗེ་ཙོང་ཁ་པའི་དྲ་བ།

23.jpgQEAརྗེ་ཙོང་ཁ་པའི་དྲ་བ།

        མདོ་སྡེ་རྒྱན་ལས་གསུངས་པ་འདིས་ཀྱང་འདུས་བྱས་སུ་འགྲུབ་སྟེ་ཆོས་ཉིད་ཡིན་ན་ཆོས་ཅན་ཐ་དད་པ་ཙམ་གྱིས་དབྱེ་བ་མ་གཏོགས་ཁོ་རང་ངོས་ནས་དབྱེ་བ་མེད་པས་མོས་པ་ཐ་དད་པ་སོགས་ཀྱིས་རིགས་ཐ་དད་ཡོད་པར་སྒྲུབ་དཀའ་འོ།།དེས་ན་སློབ་དཔོན་ཐོགས་མེད་ཀྱི་བཞེད་པའི་རིགས་མཚན་ཉིད་པ་ནི། སྔར་བསྟན་པ་ལྟར་ཡིན་ལ།ཀུན་གཞི་འདོད་པ་དང་མི་འདོད་པ་གཉིས་ལས། སྔ་མས་ཀུན་གཞིའི་སྟེང་གི་ཟག་མེད་ཡེ་ཤེས་ཀྱི་ས་བོན་དང་།ཕྱི་མས་ནང་གི་སྐྱེ་མཆེད་དྲུག་གི་སྟེང་གི་ཟག་མེད་ཡེ་ཤེས་ཀྱི་ས་བོན་ལ་འདོད་དོ། །སློབ་དཔོན་འདི་ཡི་གཞུང་འགའ་ཞིག་དང་རྗེས་འབྲང་ཤིནྟའི་པས་ཆོས་ཉིད་རྟེན་དང་ཆོས་ཉིད་རིགས་ཡིན་ནོ་ཞེས་འབྱུང་བ་དེ་ཡང་ཁམས་བྱང་ཆུབ་ཡོན་ཏན་འཕྲིན་ལས་བཞི་འབྲས་བུ་དཀོན་མཆོག་གསུམ་མངོན་དུ་བྱེད་པའི་རྟེན་ཙམ་དུ་འགྱུར་བ་ལ་རིགས་སུ་འདོགས་པ་བཞིན།ཆོས་ཉིད་དེ་ལ་དམིགས་ནས་ལམ་ལ་འབད་པས་ཐེག་པ་གསུམ་གྱི་ཡོན་ཏན་འབྱུང་བར་འགྱུར་བ་ཙམ་ལ་རྟེན་རིགས་ཀྱི་ཐ་སྙད་འདོགས་པ་ཡིན་ནོ།།QEAརྗེ་ཙོང་ཁ་པའི་དྲ་བ།
        འོ་ན་རིགས་དེ་གཉིས་ལ་ཁྱད་པར་གང་ཡོད་དམ་ཞེ་ན།བྱང་ས་ལས། དེ་ལ་རང་བཞིན་དུ་གནས་པའི་རིགས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་སྟེ།དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་ལ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་དེ་ལྟ་བུ་ཡིན་ནོ།།དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ།ཞེས་དང་། ཉན་ས་ལས་ཀྱང་། འོ་ན་རིགས་དེའི་རང་བཞིན་ཇི་ལྟ་བུ་ཞེ་ན། དེ་ནི་ལུས་ལས་ཁྱད་པར་དུ་གྱུར་པ་དང་།སྐྱེ་མཆེད་དྲུག་གིས་ཟིན་པ་དང་ཆོས་ཉིད་ཀྱིས་ཐོབ་པ་དང་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དེ་ལྟ་བུ་ཡིན་ཏེ་ཞེས་ཁྱད་ཆོས་བཞི་ལྡན་དུ་གསུངས་སོ།།QEAརྗེ་ཙོང་ཁ་པའི་དྲ་བ།

24.jpgQEAརྗེ་ཙོང་ཁ་པའི་དྲ་བ།

        ལུས་ལས་ཁྱད་པར་དུ་གྱུར་ཚུལ་ནི།རང་རྐྱ་ཐུབ་པའི་རྫས་ཡོད་མིན་པས་གདགས་གཞི་དང་དེ་ཉིད་གཞན་གང་དུ་ཡང་བརྗོད་དུ་མེད་པ་ཡིན་པས་སྐྱེ་མཆེད་རྣམས་ཀྱང་རིགས་མིན་ལ་དེ་ལས་གཞན་པའང་མིན་པས་ལུས་ལས་ཁྱད་པར་དུ་གྱུར་པ་དང་།QEAརྗེ་ཙོང་ཁ་པའི་དྲ་བ།
སྐྱེ་མཆེད་དེ་དག་ལས་གཞན་དུའང་མེད་དེ། ཉན་ས་ལས། ས་བོན་དེ་ནི་སྐྱེ་མཆེད་དྲུག་པོ་དེ་དག་ལས་ལོགས་ཤིག་ན་ཐ་དད་པའི་མཚན་ཉིད་མེད་དེ།ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པ་དང་། ཆོས་ཉིད་ཀྱི་ཐོབ་པའི་སྐྱེ་མཆེད་དྲུག་པོ་དེ་ལྟར་ཐོབ་པའི་གནས་སྐབས་དེ་ལ།རིགས་དང་ས་བོན་དང་ཁམས་དང་རང་བཞིན་ཞེས་བྱ་བའི་མིང་དང་ཐ་སྙད་དེ་དག་བཏགས་པར་ཟད་པས་དེའི་ཕྱིར་ན་དེ་ནི་རྒྱུད་གཅིག་པ་ཞེས་བྱའོ།།ཞེས་གསུངས་པས་སོ། །སྐྱེ་མཆེད་དྲུག་གིས་ཟིན་པའམ་དེའི་གནས་སྐབས་ལ་བཏགས་པར་བཤད་པ་དེ་ཇི་ལྟ་བུ་ཞིག་ལ་གོ་དགོས་ཞེ་ན།རྒྱ་མཚོ་སྤྲིན་ལས།ས་བོན་དེ་ཡང་འདུས་བྱས་ལས་དེ་ཉིད་གཞན་དང་གཞན་དུ་བརྗོད་པ་ལས་གྲོལ་བ་གཟུང་བར་མི་ནུས་པ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱ་བའོ།།སྐྱེ་མཆེད་དྲུག་པོ་དེ་ཡང་སེམས་ཅན་གྱི་རྫས་ཀྱི་རྩ་བར་གྱུར་པའོ། །དེའི་ཕྱིར་སེམས་ཅན་གྱི་ཁྱད་པར་རོ་ཞེས་བརྗོད་པར་བྱ་སྟེ།གང་དང་ལྡན་པས་སེམས་ཅན་དང་སྙིང་པོ་དང་གཅིག་པུ་དཔའ་བ་དང་སྐྱེས་བུའི་ཁྱད་པར་ཞེས་བརྗོད་དོ།།ཡང་ན་སྙོམས་པར་འཇུག་པ་དང་སྐྱེ་བས་ཐོབ་པ་དེ་དང་དེར་སྐྱེ་མཆེད་གང་ཡང་རུང་བ་དང་མི་ཕྱེད་པར་འགྱུར་བ་ལ་རིགས་ཞེས་རབ་ཏུ་བསྟན་པའི་ཕྱིར་སྐྱེ་མཆེད་དྲུག་གཟུང་ངོ་།།QEAརྗེ་ཙོང་ཁ་པའི་དྲ་བ།
        དེ་དག་གི་དོན་མདོར་བསྡུས་ན། སེམས་ཅན་གྱི་ཤེས་རྒྱུད་ཁམས་དང་སྐྱེ་གནས་སོགས་གང་དུ་ཡང་བར་མ་ཆད་དུ་འཇུག་པའི་སྟེང་གི་བྱང་ཆུབ་ཐོབ་པའི་ནུས་པ་དོན་བྱེད་པའི་རྫས་སུ་ཡོད་པ་ཞིག་ལ་འདོད་དོ།།དེས་རང་ཉིད་གང་གི་རྒྱུད་ལ་ལྡན་པའི་དེའི་སྐྱེ་མཆེད་དྲུག་གཞན་ལས་ཁྱད་པར་དུ་བྱེད་པས་ན་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་སྦྱར་རོ།།QEAརྗེ་ཙོང་ཁ་པའི་དྲ་བ།
        ཁྱད་ཆོས་གསུམ་པ་ཆོས་ཉིད་ཀྱིས་ཐོབ་པ་ཞེས་པ་ནི། འཇོག་བྱེད་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་གནས་པའི་དོན་དུ་འཇོག་ཅིང་།རང་བཞིན་གནས་རིགས་ཞེས་པའང་ཆོས་ཉིད་ཀྱིས་ཐོབ་པའི་དོན་ནོ། །QEAརྗེ་ཙོང་ཁ་པའི་དྲ་བ།
        འཇོག་བྱེད་ལ་མི་ལྟོས་པའི་ཚུལ་ནི།སྤྱིར་ན་རྣལ་འབྱོར་སྤྱོད་པའི་སློབ་དཔོན་དག་གི་ལུགས་ལ། སྒོ་བྱེད་ལ་མི་ལྟོས་པར་ཆོས་ཉིད་ཀྱིས་གནས་པར་འདོད་པ་དང་།སྒོ་བྱེད་ཀྱིས་སྔོན་མེད་གསར་དུ་བཞག་པ་དང་སྔར་བཞག་པ་སྒོ་བྱེད་ཀྱིས་གསོ་བར་འདོད་པ་དང་།ཆོས་ཉིད་ཀྱིས་གནས་པ་གསོ་བ་དང་སྔོན་མེད་གསར་དུ་བཞག་པར་འདོད་པའི་ལུགས་གསུམ་ལས་ཕྱི་མ་རང་ལུགས་སུ་རྗེ་བདག་ཉིད་ཆེན་པོས་བཞེད་དོ།།དེས་ན་རང་བཞིན་གནས་རིགས་ནི་སྒོ་བྱེད་ཚོགས་བདུན་གང་རུང་གིས་བག་ཆགས་འཇོག་པ་མ་ཡིན་པར་ཆོས་ཉིད་ཀྱིས་གནས་པ་ཐོག་མེད་ནས་བརྒྱུད་དེ་འོངས་བ་ཞིག་ལ་ཟེར།འདི་ནི་རེ་ཞིག་འཇོག་བྱེད་ལ་ལྟོས་མ་ལྟོས་ལ་ཆོས་ཉིད་ཀྱིས་གནས་པ་དང་གསར་དུ་བཞག་པའི་དབང་དུ་བྱས་པ་ཡིན་ནོ།།QEAརྗེ་ཙོང་ཁ་པའི་དྲ་བ།
        ཐོག་མ་མེད་པའི་དུས་ཅན་ཡིན་ཚུལ་ཡང་།རྒྱ་མཚོ་སྤྲིན་( བཀའ་འགྱུར་པེ་ཅིན་པར་མ་ཝ་པ ) ལས། ཐོས་བསམ་སྒོམ་གསུམ་གྱིས་གསར་དུ་སྐྱེད་པ་མིན་གྱི་གདོད་མ་ནས་རྒྱུན་གནས་པ་ལ་ཡིན་ཏེ།ཞེས་གསུངས་པས་སོ། །མདོར་ན། འཇོག་བྱེད་ལ་མི་ལྟོས་པར་ངོ་བོ་ཉིད་ཀྱིས་གནས་པ་ཟག་པ་མེད་པའི་ཆོས་རྣམས་ཀྱི་ས་བོན།གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་བྱེད་ཀྱི་རྐྱེན་དང་ཕྲད་ན་ཐོས་པ་དང་བསམ་པ་དང་སྒོམ་པ་འཕེལ་བར་འགྱུར་བའི་གནས་སུ་གྱུར་པ་ཞིག་ལ་རང་བཞིན་གནས་རིགས་ཞེས་ཟེར།ཅིའི་ཕྱིར་རང་བཞིན་གནས་རིགས་ཞེས་བྱ་ཞེ་ན། འཇོག་བྱེད་ཀྱིས་གསར་དུ་བཞག་པ་མིན་པར་གདོད་མ་ནས་ཆོས་ཉིད་ཀྱིས་གནས་པས་ནའོ།།QEAརྗེ་ཙོང་ཁ་པའི་དྲ་བ།

25.jpgQEAརྗེ་ཙོང་ཁ་པའི་དྲ་བ།

        རྒྱས་འགྱུར་གྱི་རིགས་ཞེས་པ་ནི། རང་བཞིན་གནས་རིགས་དེ་ཉིད་ཐོས་བསམ་སྒོམ་གསུམ་གྱིས་བརྟས་པར་བྱས་པ་ན་མིང་གཞན་རྒྱས་འགྱུར་གྱི་རིགས་ཞེས་བཏགས་པ་ཙམ་ཡིན་ཏེ།རྒྱ་མཚོ་སྤྲིན་ལས། སེམས་བསྐྱེད་པ་ནི་གཞན་ཡིན་པར་རིག་པར་བྱ་སྟེ། རིགས་དེ་ཉིད་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ལ་མིང་གཞན་གྱིས་བསྟན་པ་ནི་ཡང་དག་པར་བསྒྲུབས་པ་ཞེས་བྱ་བས་སོ།།ཞེས་དང་། བྱང་ས་ལས། དེ་ལ་ཡང་དག་པར་བསྒྲུབས་པའི་རིགས་ནི་སྔོན་དགེ་བའི་རྩ་བ་གོམས་པར་བྱས་པ་ལས་ཐོབ་པ་གང་ཡིན་པ་སྟེ།ཞེས་གསུངས་ལ། དེ་བཞིན་དུ་ཉན་ས་ལས། ས་བོན་དེས་འབྲས་བུ་མ་སྐྱེད་ཅིང་འབྲས་བུ་མ་གྲུབ་པ་ན་ཕྲ་བ་ཞེས་བྱའོ།།གང་གི་ཚེ་འབྲས་བུ་སྐྱེད་ཅིང་འབྲས་བུ་གྲུབ་པ་དེའི་ཚེ་ན་ནི་ས་བོན་གང་ཡིན་པ་དེ་དང་འབྲས་བུ་གང་ཡིན་པ་དེ་གཅིག་ཏུ་བསྡུས་ནས་དེའི་ཕྱིར་རིགས་དེ་རགས་པ་ཞེས་བྱ་བར་སྟོན་པར་འགྱུར་རོ།།ཞེས་དེ་གཉིས་ལ་ཕྲ་རགས་ཀྱི་མིང་གི་སྒོ་ནས་ཀྱང་ཁྱད་པར་འབྱེད་ལ། ཕྲ་རགས་ཀྱི་དོན་ཡང་ཐོས་སོགས་ཀྱི་རྐྱེན་གྱིས་གསོས་བཏབ་པ་དང་མ་བཏབ་པ་ལ་བཤད་པས་དོན་ལ་མི་འདྲ་བའི་ཁྱད་པར་མེད་དོ།།དེས་ན་རིགས་གཉིས་པོ་འཇོག་བྱེད་ལ་མི་ལྟོས་པར་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་བའི་སྐྱེ་མཆེད་དྲུག་གི་ཁྱད་པར་ཟག་མེད་ཡེ་ཤེས་ཀྱི་ས་བོན་ལ་འཇོག་པ་འདྲ་ཡང་།རང་བཞིན་དུ་གནས་པའི་རིགས་དེ་ཉིད་གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་བྱེད་ཀྱི་རྐྱེན་དང་ཕྲད་དེ་ཐོས་བསམ་སྒོམ་གསུམ་གྱིས་བརྟས་པར་བྱས་པས་ནུས་པ་མཐུ་ཅན་དུ་སོང་བ་ཞིག་ལ་འཇོག་གོ།QEAརྗེ་ཙོང་ཁ་པའི་དྲ་བ།
        འོ་ན། རང་བཞིན་གནས་རིགས་དེ་ཉིད་ཐོས་སོགས་ཀྱི་རྐྱེན་གྱིས་གསོས་པ་ན་རྒྱས་རིགས་སུ་འགྱུར་བས་རྒྱས་འགྱུར་གྱི་རིགས་ཐོབ་པ་ན་རང་བཞིན་དུ་གནས་པའི་རིགས་མེད་པར་འགྱུར་བ་ཡིན་ནམ་ཞེ་ན།མ་ཡིན་ཏེ། ཟག་མེད་ཀྱི་ས་བོན་རྐྱེན་གྱིས་བརྟས་པར་བྱས་པའི་ཚེ་ཡང་ཐོས་པ་ལན་མང་དུ་བྱས་པས་ཆུང་ངུ་དང་།བསམ་པ་ལན་མང་དུ་བྱས་པས་འབྲིང་། སྒོམ་པ་ལན་མང་དུ་བྱས་པས་ཆེན་པོར་འཕེལ་བ་ཙམ་ཡིན་ལ་ས་བོན་གྱིས་དངོས་པོ་དེ་ཉིད་གསར་དུ་སྐྱེད་པ་མིན་གྱི་རྟས་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་དང་།ས་བོན་རིགས་འདྲ་སྔ་མས་རྒྱུ་རྐྱེན་བྱས་པའི་མཐུས་གོང་ནས་གོང་དུ་འཕེལ་བས་ན་དེའི་ཚེ་ཡང་ཆོས་ཉིད་ཀྱིས་གནས་པ་དང་རྐྱེན་གྱིས་ཡང་དག་པར་བླངས་པ་གཉིས་ཀ་ཡིན་ནོ།།ཞེས་གསུངས་པ་ལྟར། རང་བཞིན་གནས་རིགས་དེ་ཉིད་ལ་ཐོས་སོགས་ཀྱི་རྐྱེན་གྱིས་གསོས་བཏབ་པ་ནའང་ཟག་མེད་ཡེ་ཤེས་ཀྱི་ས་བོན་དེ་ཉིད་ཐོས་བསམ་གྱི་ཤེས་རབ་ཀྱི་ངོ་བོ་སོང་བ་མ་ཡིན་ཞིང་།ས་བོན་ནམ་ནུས་པའི་ངོ་བོ་སྔར་ལྟར་གནས་པ་དེ་ཉིད་ཐོས་བསམ་སྒོམ་གསུམ་གྱི་རྐྱེན་གྱིས་ནུས་པ་གོང་འཕེལ་དུ་གཏོང་བ་ཡིན་ནོ།།QEAརྗེ་ཙོང་ཁ་པའི་དྲ་བ།
        དེ་གཉིས་ལ་གནས་སྐབས་ཐོས་སོགས་ཀྱིས་གསོས་བཏབ་པ་དང་མ་བཏབ་པའི་ཁྱད་པར་ཡོད་པས་ངོ་བོ་འགལ་བར་བྱ་དགོས་པ་ཡིན་ཀྱང་རྫས་རྒྱུན་ནི་སྔ་ཕྱི་ཙམ་ལས་འགལ་བ་མ་ཡིན་ནོ།།QEAརྗེ་ཙོང་ཁ་པའི་དྲ་བ།

26.jpgQEAརྗེ་ཙོང་ཁ་པའི་དྲ་བ།

        འོན་ཀྱང་རིགས་གཉིས་པོ་འབྲས་བུའི་གནས་འགྱུར་ཐོབ་ན་ཟག་མེད་ཡེ་ཤེས་ཀྱི་ངོ་བོར་སོང་བ་ནི།སློབ་དཔོན་གཞན་གྱི་གསུངས་ལས་གསལ་ཁ་མི་འབྱུང་ཡང ( སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པས) མདོ་སྡེ་རྒྱན་གྱི་འགྲེལ་བཤད་( བསྟན་འགྱུར་བི་པ་) ལས། དེའི་ཕྱིར་དེ་ནི་རྒྱུའི་དངོས་པོར་ཡོད་ལ།འབྲས་བུའི་དངོས་པོར་མེད་ཅེས་བྱ་སྟེ། རྒྱུར་གྱུར་པའི་རིགས་དེ་ནི་ནམ་ཡང་འབྲས་བུར་འགྱུར་བ་འོས་པ་མ་ཡིན་ནོ།།QEAརྗེ་ཙོང་ཁ་པའི་དྲ་བ།
        ཞེས་རིགས་དེ་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ངོ་བོར་མི་འགྲོ་བར་གསུངས་པ་མ་ཟད་རིགས་པས་ཀྱང་འཐད་དཀའ་སྟེ།སྒོ་བྱེད་ཚོགས་དྲུག་གང་ལ་ཡང་མ་ལྟོས་པར་ཐོག་མ་མེད་པ་ནས་ས་བོན་གྱིས་ཚུལ་དུ་བརྒྱུད་ཏེ་འོང་བ་དེ་འབྲས་བུ་གནས་གྱུར་པ་ན་ཤེས་པའི་ངོ་བོར་སོང་བ་བྱ་དགོས་ན།དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་( བསྟན་འགྱུར་ཅེ་པ) ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི།།ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་ཤེས་པའི་རྒྱུན་མ་ཡིན་པ་ཞིག་ཤེས་པའི་ཉེར་ལེན་དུ་འགྱུར་ན།ཤེས་པ་ལ་ཐུག་པ་ཡོད་པར་འགྱུར་བ་དང་། འཁོར་བའི་སྐྱེ་བ་ཡང་ཐོག་མ་ཡོད་པར་འགྱུར་བ་དང་། འཕགས་ལམ་སྐད་ཅིག་གཉིས་པ་ནས་ཀྱང་ཟག་མེད་སེམས་ཀྱི་ས་བོན་གནས་གྱུར་ནས་ཤེས་པའི་ངོ་བོར་འཕོས་ཟིན་པས་རིགས་འཇོག་པར་མི་འཐད་པ་སོགས་རིགས་པའི་རྣམ་གཞག་མང་པོ་ཞིག་དང་འགལ་བར་འགྱུར་རམ་སྙམ།དེས་ན་ས་བོན་དེ་ཉིད་འཕགས་པའི་ཡེ་ཤེས་ཀྱི་ངོ་བོར་འགྲོ་རུང་གི་ཉེར་ལེན་དུ་བྱ་མི་རིགས་པས་འབྲས་བུའི་ས་ཡང་ས་བོན་གྱིས་ཚུལ་དུ་གནས་པར་བྱ་དགོས་སོ་སྙམ་མོ།།QEAརྗེ་ཙོང་ཁ་པའི་དྲ་བ།

རྩོམ་སྒྲིག་པ།:མཁའ་ཚེ།
བརྒྱུད་འགོད།  
29.1K